འབར་མའི་ལྕམ་སུའུ་ཆི་མཆོག་རྒྱལ་ཡོངས་གྲོས་ཚོགས་སུ་གདན་ཞུ།

འབར་མའི་ལྕམ་ཨོང་སན་སུའུ་ཆི་མཆོག་ལ་བདུན་ཕྲག་གཉིས་རྗེས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལྷན་འཛོམས་སར་ཕེབས་དགོས་པའི་གདན་ཞུ།

2012.04.09

༄༅༎ཉེ་དུས་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུའི་ནང་ལྕམ་ཨོང་སན་སུའུ་ཆི་དང་ཁོང་གི་ཚོགས་པ་འབར་མའི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས། ལྕམ་སུའུ་ཆི་མཆོག་ལ་བདུན་ཕྲག་གཉིས་རྗེས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལྷན་འཛོམས་སར་ཕེབས་དགོས་པའི་གདན་ཞུ་འབྱོར་གནང་འདུག།
དེ་རིང་འབར་མའི་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་ཡིས་གསུང་ན། འོས་བསྡུའི་རྒྱལ་ཁ་ཐོབ་གནང་བའི་ལྕམ་སུ་ཅི་མཆོག་དང༌། དམངས་གཙོ་ཚོགས་པའི་འཐུས་མི་༣༦ལ་ རྒྱལ་ས་ནེ་པི་ཀྲོའོ་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལྷན་འཛོམས་ཐོག་ངོས་བཅར་ཞུ་དགོས་པའི་བརྡ་ཁྱབ་འབྱོར་གནང་ཡོད་པ་རེད། དགུང་གྲངས་༦༦ལ་ཕེབས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ སུ་ཅི་མཆོག་འབར་མའི་གྲོས་ཚོགས་ནང་མཉམ་བཞུགས་གནང་རྒྱུ་ཡིན་པ་དེ་ནི་འདས་པའི་མི་ལོ་བཅུ་ཕྲག་ལྔའི་རིང་ལྕགས་ཀྱི་བར་མོའི་དབང་འཛིན་འོག་ཡོད་པའི་རྒྱལ་ཁབ་འབར་མ་དེ་བཞིན་མ་འོངས་ལམ་ཕྱོགས་བཟང་པོའི་ཕྱོགས་སུ་བསྐྱོད་རྒྱུའི་མདུན་མཆོངས་ཆེན་པོ་ཞིག་ཡིན་པ་རེད།
ཉེ་དུས་ཕྱི་ཟླ་༤པའི་ཚེས་༡ཉིན་འབར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་༤༥འི་ཁ་སྐོང་འོས་བསྡུའི་སྐབས། འབར་མ་དམངས་གཙོ་ཚོགས་པའི་འཐུས་མི་༤༣ལ་རྒྱལ་ཁ་ཐོབ་ཡོད་པ་རེད། དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནིཡེན་ལྦིན་ཡིས་ཟླ་བ་འདིའི་ཚེས་༢༣ནས་མུ་མཐུད་འཚོགས་གནང་རྒྱུའི་འབར་མའི་གྲོས་ཚོགས་འོག་མའི་ཚོགས་ཆེན་སར་ཚོགས་གཙོ་ལྕམ་ཨོང་སན་ སུ་ཅི་གཙོས་པའི་གསར་དུ་འོས་འདེམས་བྱུང་བའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོངས་མཉམ་བཞུགས་གནང་གི་ཡོད་པ་དང༌། གྲོས་ཚོགས་གོང་མའི་འཐུས་མིར་འོས་འདེམས་བྱུང་བའི་དམངས་གཙོ་ཚོགས་པའི་འཐུས་མི་བཞི་ལ་ད་ལྟ་འབྲེལ་བ་གནང་མཁན་བྱུང་མེད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎