འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ཨང་སན་སྐོར།

འབར་མའི་ནང་མང་གཙོའི་བཅོས་བསྒྱུར་གཏོང་རྒྱུར་ནར་འགྱངས་གཏོང་བཞིན་པ་དེར་ཨང་སན་ནས་ཐུགས་བློ་མི་ཁེངས་པའི་རྣམ་འགྱུར་བསྟན་པ།

2008.09.03

༄༅༎འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨང་སན་སུ་ཀི་མཆོག་གིས་དྲག་པོའི་སྲིད་གཞུང་ནས་མང་གཙོའི་བཅོས་བསྒྱུར་གཏོང་རྒྱུར་ནར་འགྱངས་གཏོང་བཞིན་པ་དེར་ཐུགས་བློ་མི་ཁེངས་པའི་རྣམ་འགྱུར་བསྟན་གནང་ཡོད་འདུག

དེ་ཡང་འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་དང༌། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུ་ཀི་མཆོག་ནས་འདས་པའི་ཟླ་བ་དེའི་ནང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མཆོག་དང་མཇལ་འཕྲད་གནང་རྒྱུར་ཐུགས་འདོད་གནང་མེད་པ་དང༌། ད་རེས་སླར་ཡང་རེས་གཟའ་མིག་དམར་ཉིན་དྲག་པོའི་གཞུང་ནས་བསྐོ་བཞག་བྱས་པའི་འབྲེལ་མཐུད་བློན་ཆེན་ཨང་ཀི་དང་མཇལ་འཕྲད་གནང་རྒྱུའི་དུས་ཚོད་སྔོན་གཏན་འཁེལ་བ་དེའི་སྐབས་སུའང་མཇལ་འཕྲད་གནང་རྒྱུ་མིན་ལུགས་གསུངས་པ་དང༌། དེ་བཞིན་ཁོང་རང་ཉིད་ཀྱི་སྐུ་སྒེར་ཨེམ་རྗེ་མཆོག་ནས་སྐུ་གཟུགས་བརྟག་དཔྱད་གནང་རྒྱུའི་དུས་ཚོད་ཀྱང་ཕྱིར་བཤོལ་གནང་བ་སོགས་གང་ལྟར་འདས་པའི་དུས་ཡུན་གང་འཚམས་ཤིག་ནས་བཟུང་ཁོང་ནས་མི་སྣ་མཇལ་འཕྲད་གནང་རྒྱུར་ཐུགས་འདོད་གནང་གི་མེད་པ་མ་ཟད་གཟིམ་ཤག་ཏུ་བཟའ་འབྲུའི་རིགས་འོར་འདྲེན་བྱེད་རྒྱུ་ཡང་བཀག་སྡོམ་གནང་ཡོད་པ་རེད། གནད་དོན་འདིའི་སྐོར་ཁོང་གི་ཚོགས་པའི་མགྲིན་ཚབ་པ་ནེན་ལྦིན་ནས། ཁོང་ནས་མི་སྣ་མཇལ་འཕྲད་གནང་རྒྱུར་ཐུགས་འདོད་གནང་གི་མེད་པ་དེའི་སྐོར་དམིགས་བསལ་རྒྱུ་མཚན་གང་ཡང་ཞུ་ཚོད་ཐིགས་ཀྱི་མི་འདུག འོན་ཀྱང་ཕལ་ཆེར་དྲག་པོའི་སྲིད་གཞུང་གིས་མཉན་གྲོས་མོལ་རིམ་པ་གནང་ཡོད་ཀྱང་དམིགས་བསལ་དོན་འབྲས་སོན་པའི་བསྒྱུར་བཅོས་གཏོང་གི་མེད་ཙང་ཐུགས་བློ་མི་ཁེངས་པ་ཞིག་ཆགས་ཡོད་ཀྱི་རེད་ཅེས་གསུངས་འདུག

ཁོང་ལོ་ངོ་བཅུ་གསུམ་ཙམ་བཟང་བཙོན་ལྟབུར་བཞག་ནས་ཕྱིའི་རྒྱལ་ཁབ་ཚོས་དྲག་པོའི་སྲིད་གཞུང་ལ་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་གྲོས་མོལ་གནང་གི་ཡོད་པའི་རྣམ་པ་ཙམ་ལས་དམིགས་བསལ་ཡུལ་ནང་བསྒྱུར་བཅོས་གཏོང་རྒྱུར་འདི་མུར་ནར་འགྱངས་བཏང་གི་ཡོད་པ་དེར་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཡོང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎