རྒྱ་རིགས་ཤེས་ཡོན་པ་དང་མཉམ་བོད་དོན་བགྲོ་གླེང་ཚོགས་འདུ།


2015.02.04
རྒྱ་རིགས་ཤེས་ཡོན་པ་དང་མཉམ་བོད་དོན་བགྲོ་གླེང་ཚོགས་འདུའི་སྐབས། ༢༠༡༥།༢།༡ རྒྱ་རིགས་ཤེས་ཡོན་པ་དང་མཉམ་བོད་དོན་བགྲོ་གླེང་ཚོགས་འདུའི་སྐབས། ༢༠༡༥།༢།༡
མཐུན་འགྱུར་པར་རིས

ཨོས་ཀྲེ་ལི་ཡའི་ནང་གི་UTSཞེས་ཚན་རིག་ལག་རྩལ་གཙུག་ལག་སློབ་གྲ་ཆེན་མོའི་ནང་རྒྱ་རིཊ་ཤེས་ཡོན་པ་དང་མཉམ་བོད་དོན་བགྲོ་གླེང་ཚོགས་འདུ་གནང་བ།
དེ་ཡང་བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེའི་ཐོག་སྐུའི་ཚ་མོ་བསྟན་ཆོས་རྒྱ་མཚོ་ལགས་དང་། ཨོས་ཀྲེ་ལི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། ཨོས་ཀྲེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནེ་རྒན་ལགས། གྲོང་ཁྱེར་སིག་ནིའི་ནང་གནས་སྡོད་རྒྱ་རིགས་མཁས་པ་དང་རྩོམ་པ་པོ། མང་གཙོ་དོན་གཉེར་བ། བོད་མི་ན་གཞོན་བཅས་མི་གྲངས་༥༠་ཚོགས་བཞུགས་གནང་འདུག སྐབས་དེར་སྐུའི་ཚ་མོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་བོ་དང་། ལས་དོན་སོགས་ངོ་སྤྲོད་གནང་བ་དང་རྒྱ་རིགས་ཚོས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནས་གཙོ་བོ་རྒྱ་མི་རིགས་རྣམས་ལ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་རྒྱ་གང་ཆེ་ངོ་སྤྲོད་གནང་བ་དང་། གསུང་བཤད་གནང་བའི་རྗེས་སུ་ སིག་ནིའི་ཚན་རིག་དང་ལག་རྩལ་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་རྒྱ་རིགས་Chongyi Fengཡིས་གསུང་བཤད་གནང་བའི་ནང་། ཆོས་ལུགས་ཀྱི་སྟོབས་ཤུགས་ཀྱིས་ཆབ་སྲིད་ཐོག་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་མཐོང་ནས་རྒྱ་ནག་གཞུང་གིས་ད་བར་ཆོས་ལུགས་ཁག་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་འགྲོ་རྒྱུ་དང་དོན་དངོས་ཀྱི་ཞི་མཐུན་སྤྱི་ཚོགས་ཤིག་ཡོང་བའི་རེ་སྐུལ་ཞུ་གིན་ཡོད་ཅེས་དང་། ཡང་རྒྱ་རིགས་མང་གཙོ་དོན་གཉེར་བ་Qin Jinདང་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཟུར་པ་Yonglin Chen དེ་བཞིན་བོད་ཀྱི་སྟོད་མངའ་རིས་དང་ནག་ཆུ་ཁུལ་དུ་བསྐྱོད་མྱོང་མཁན་རྒྱ་རིགས་ཤེས་ཡོན་ཅན་Bingzue Renཡིས་གསུང་བཤད་གནང་འདུག
བགྲོ་གླེང་དེ་ནི་ཨོས་ཀྲེ་ལི་ཡའི་ནང་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་འདི་ཟླའི་ཚེས་༡་ཉིན་གྲོང་ཁྱེར་སིག་ནིའི་ནང་གི་UTSཞེས་ཚན་རིག་ལག་རྩལ་གཙུག་ལག་སློབ་གྲ་ཆེན་མོའི་ནང་གོ་བསྒྲིགས་གནང་བ་ཡིན་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎