བོད་དུ་རྒྱལ་གཅེས་ཁྲིམས་སྲུང་གི་གྲ་བཙུན་འདེམས་བསྐོའི་བྱེད་སྒོ།

བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ནང་གཏིང་ཟབ་དང་མཐུན་སྦྱོར་གྱི་མིག་དཔེའི་དགོན་པ་འཛུགས་སྐྲུན་བྱེད་རྒྱུ་ཞེས་པའི་བྱེད་སྒོ་སྤེལ་རྒྱུ།

2011.11.02

༄༅༎བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ནང་གཏིང་ཟབ་དང་མཐུན་སྦྱོར་གྱི་མིག་དཔེའི་དགོན་པ་འཛུགས་སྐྲུན་བྱེད་རྒྱུ་ཞེས་པའི་བྱེད་སྒོ་ཞིག་སྤེལ་རྒྱུའི་ཐག་གཅོད་བྱས་འདུག
ད་རེས་ཕྱི་ཟླ་བཅུ་པའི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཅེས་པའི་བོད་ཀྱི་གུང་ཁྲན་ཚོགས་པ་དེས་ཚོགས་པ་དེའི་རྒྱུན་ལས་ལྷན་ཚོགས་ཤིག་བསྐོངས་ཚོགས་བྱས་ཡོད་པ་དང་ དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ནང་མཐུན་སྦྱོར་གྱི་མིག་དཔེའི་དགོན་པ་འམ་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲ་བཙུན་འདེམས་བསྐོ་བྱེད་རྒྱུའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་འབྲེལ་ཡོད་བསམ་འཆར་ཞེས་པའི་ཡིག་ཆ་ཞིག་ལ་ཞིབ་གྲོས་བྱས་ཡོད་པ་མ་ཟད་ རྩ་བའི་ཆ་ནས་ཡིག་ཆ་དེ་ལ་ཚོགས་བཞུགས་རྒྱུན་ལས་ཚོའི་ཐུན་མོང་གི་མོས་མཐུན་བྱུང་ཡོད་པ་རེད་འདུག   ཡིག་ཆ་དེའི་ནང་སྔོན་ཐོན་གྱི་དགོན་སྡེ་དང་གྲ་བཙུན་འདེམས་བསྐོ་བྱ་རྒྱུའི་བྱེད་སྒོ་དེ་སྤེལ་ནས་ གྲ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སྐུལ་སློང་གིས་ཁ་བྲལ་གྱི་ལམ་དུ་བསྐྱོད་རྒྱུར་འགོག་ཐབས་དང་ ཁ་བྲལ་ལ་རྡུང་རྡེག་གཏོང་རྒྱུའི་ནུས་པ་ཐོན་ཐུབ་དགོས་ལུགས་འཁོད་ཡོད་པ་རེད་ དེ་མིན་གོང་བསལ་བོད་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་རྒྱུན་ལས་ལྷན་ཚོགས་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་གྲ་བཙུན་ཚང་མར་རྒན་གསོ་དང་ སྨན་བཅོས་ བརྟེན་བཅོལ་ལ་སོགས་པའི་སྤྱི་ཚོགས་ཀྱི་འགན་ལེན་ཡོངས་སུ་ཁྱབ་པ་བྱེད་རྒྱུ་དང་ ད་དུང་ས་གནས་སོ་སོའི་ཁོངས་གཏོགས་རྩ་དོན་དེ་གཞི་ལ་བཞག་ནས་ རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་ཚན་པས་ནུས་པ་ལྷན་པའི་སྒོ་ནས་  གྲ་བཙུན་ཚོའི་གཞི་རྩའི་སྤྱི་སྤྱོད་ཀྱི་ཞབས་ཞུ་དམ་འཛིན་དང་ལག་ལེན་ཡོང་བ་བྱེད་དགོས་པའི་ཐག་གཅོད་ཀྱང་བྱས་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎