བོད་ནང་གི་བེུད་རྩོམ་པ་པོའི་སྙིང་སྟོབས་ལ་བསྔགས་བརྗོད།

བོད་ཀྱི་བེུད་ལྷན་ཚོགས་ནས་བེུད་སྒེར་ལངས་ཐེངས་༥༢པ་དེ་བོད་ནང་གི་བུད་མེད་རྩོམ་པ་པོའི་རྩོམ་བྲིས་ཀྱི་སྙིང་སྟོབས་ལ་ལེགས་སྐྱེས་སུ་ཕུལ་བ།

2011.03.14

༄༅༎རེས་གཟའ་སྤེན་པའི་ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བུད་མེད་སྒེར་ལངས་ཐེངས་༥༢པ་དེ་བཞིན་བོད་ནང་གི་བུད་མེད་རྩོམ་པ་པོའི་རྩོམ་བྲིས་ཀྱི་སྙིང་སྟོབས་ལ་ལེགས་སྐྱེས་སུ་ཕུལ་གནང་འདུག། ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཀོནསི་ཀྲི་ཀྲུ་ཤིན་ཀ་ལབ་ཚོགས་ཁང་ནང༌། བོད་ནང་གི་བུད་མེད་རྩོམ་པ་པོ་’འཇམ་དབྱངས་སྐྱིད་ལགས་ཀྱིས་རྩོམ་བྲིས་གནང་བའི་ མནར་གཅོད་བཏང་བའི་བརྒྱུད་རིམ། བཅར་རྡུང་གི་ཉིན་དེབ་། ཞེས་པ་དེ་འགྲེམས་སྤེལ་གནང་ཡོད་པ་དང༌། དེ་རྗེས་འཇམ་དབྱངས་སྐྱིད་ལགས་ཀྱི་རྩོམ་བྲིས་ལ་བསྔགས་བརྗོད་ཀྱི་བཞུགས་མོལ་ལྷན་ཚོགས་ཤིག་ཀྱང་གནང་འདུག།

བཞུགས་མོལ་ལྷན་ཚོགས་དེའི་ནང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། རྒྱ་གར་གྱི་སམ་ཏ་ཚོགས་པའི་ཚོགས་གཙོ་ཟུར་པ་ཇ་ཡ་ཇེཏ་ལི། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ན་ཕི་ས་ཨ་ལི། གསར་འགོད་པ་ནི་ལན་ཇ་ན་རོའེ་བཅས་མཉམ་ཞུགས་གནང་ཡོད་ཅིང༌། རྩོམ་པ་པོ་སུལྦ་ཏི་ཆོཔ་རས་བཞུགས་མོལ་ལྷན་ཚོགས་དེའི་གཙོ་སྐྱོང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎