བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་འཆར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞི་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ལས་འགུལ་སྤེལ་འཆར།

2012.02.16

༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཞི་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་ཡོད་ལུགས་གསལ་བསྒྲགས་གནང་འདུག་ ཡིན་ཡང་ལས་འགུལ་གྱི་ཞིབ་ཕྲའི་གནས་ཚུལ་གསལ་འདོན་གནང་མེད་པ་རེད་༎
ཁ་ས་བཞུགས་སྒར་རྡ་རམ་ས་ལར་ གཞི་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མར་མེའི་ཁྲོམས་སྐོར་གནང་ཡོད་པ་དང་ ལས་འགུལ་དེའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ནས་ འདི་ལོ་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་དུས་ཚེས་དང་བསྟུན་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་སྣེ་འཁྲིད་གནང་རྒྱུ་དང་ ལས་འགུལ་དེའི་ནང་བོད་མི་ཚང་མས་རྒྱབ་སྐྱོར་དང་མཉམ་བཞུགས་གནང་གལ་ཆེ་བའི་འབོད་སྐུལ་གནང་བཞག་  ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་འགྲེལ་བརྗོད་གནང་དོན་དུ་  ཉེ་སྔོན་ཕྱི་ཟླ་པོའི་ཚེས་ ༢༩ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་རྐྱེན་པས་ རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམས་སྐོར་དང་ མར་མེའི་ཁྲོམ་སྐོར་ དེ་བཞིན་རྒྱལ་གཅེས་དཔའ་བོ་རྣམས་ལ་སྨོན་ལམ་ཆོས་འབུལ་སོགས་ལས་འགུལ་སྟུད་མར་སྤེལ་བཞིན་ཡོད་པ་དེ་དག་མུ་མཐུད་མཇུག་སྐྱོང་གནང་རྒྱུ་མ་ཟད་  རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་བ་སོགས་རྣོ་ངར་ཆེ་བའི་ལས་འགུལ་མུ་མཐུད་སྤེལ་རྒྱུའི་གྲ་སྒྲིག་གནང་བཞིན་པ་དང་ ལས་འགུལ་དེ་ཚོའི་ནང་བོད་མི་ཚོས་རྒྱབ་སྐྱོར་དང་མཉམ་བཞུགས་གནང་དགོས་གལ་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎