ཐའེ་པེའི་གྲོང་ཁྱེར་སྤྱི་ཁྱབ་བསྐྱར་དུ་འོས་བསྡུའི་ནང་ཞུགས་རྒྱུ།
2010.05.12
༄༅༎ཐའེ་པེ་གྲོང་ཁྱེར་གྱི་ལས་ཐོག་སྤྱི་ཁྱབ་ཧའོ་ལུང་པིང་གིས་གཞུང་འཛིན་གོ་མིན་ཏང་ཚོགས་པའི་འོས་མིའི་མཚན་ཐོག་ནས་ཐའེ་པེ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་ནང་བསྐྱར་དུ་ཞུགས་རྒྱུ་ཕྱིར་བསྒྲགས་གནང་ཡོད་པ་དང་ ཐའེ་པེ་གྲོང་ཁྱེར་མི་མང་ཚོས་ཁོང་ལ་གྲོང་ཁྱེར་མི་མང་ཚོར་ཞབས་འདེགས་མུ་མཐུད་ནས་ཞུ་རྒྱུའི་གོ་སྐབས་གནང་རྒྱུའི་རེ་བ་གནང་གི་ཡོད་པ་གསུངས་འདུག
ཐའེ་པེ་གྲོང་ཁྱེར་གྱི་ལས་ཐོག་སྤྱི་ཁྱབ་ཧའོ་ལུང་པིང་ཕྱི་ལོ་ཉིས་སྟོང་དྲུག་ལོར་ཐད་བད་གྲོང་ཁྱེར་སྤྱི་ཁྱབ་དུ་འོས་འདེམས་བྱུང་ཡོད་པ་དང་ ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་དེ་བཞིན་ཐེ་ལྦན་གྱི་སྲིད་དོན་གནས་སྟངས་ཐོག་ནས་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་ཀྱི་ཡོད་ཅིང་ དེའི་སྔོན་ ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་དང་ད་ལྟའི་སྲིད་འཛིན་མའ་དབྱིང་ཇུའུ་གཉིས་ཀ་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་གནང་མྱོང་ཡོད་ཅིང་ ད་རེས་ཧའོ་ལུང་པིར་བསྐྱར་དུ་ཐའེ་པེ་གྲོང་ཁྱེར་གྱི་འོས་བསྡུའི་ནང་འོས་མིའི་གྲས་སུ་ཞུགས་ནས་འོས་འདེམས་ནང་སླར་ཡང་རྒྱལ་ཁ་ཐོབ་རྒྱུར་གོ་མིན་ཏང་ཚོགས་པས་ནུས་ཤུགས་ཆེན་པོ་བཏོན་བཞིན་ཡོད་པ་རེད༎