ཐེ་ལྦན་ནང་དུག་རྫས་ཉལ་ཐག་གཞུས་བཞེས་བཏང༌བ།
2012.02.05
༄༅༎ཐེ་ལྦན་གྱི་ཉེན་རྟོག་ཚན་པས། ཉེ་ཆར་ཐ་མག་ཉལ་ཐག་གི་དུག་རྫས་ནག་ཚོང་རྒྱག་མཁན་གྱི་གྱོད་གཞི་ཆེ་ཤོས་ཞིག་བརྩད་ཆོད་ཐུབ་པ་མ་ཟད་། ད་དུང་ཉལ་ཐག་དུག་རྫས་འབོར་ཆེན་ཞིག་གཞུང་བཞེས་བཏང་ཐུབ་ཡོད་པ་རེད་འདུག
དེའང་ཐེ་ལྦན་གྱི་ཉེན་རྟོག་ཚན་པས་གསུངས་ན། ཉེ་ཆར་ཐེ་ལྦན་གྱི་ཐའོ་ཡོན་ས་ཁུལ་གྱི་ཉེན་རྟོག་པས། གནམ་གྲུའི་ནང་ཐ་མག་ཉལ་ཐག་གི་དུག་རྫས་འབོར་ཆེན་དབོར་འདྲེན་བྱས་ཏེ་། ནག་ཚོང་རྒྱག་མཁན་གྱི་གྱོད་གཞི་ཆེན་པོ་ཞིག་བརྩད་ཆོད་ཐུབ་ཡོད་པ་དང་། ད་དུང་ཉལ་ཐག་དུག་རྫས་རྒྱ་མ་བཞི་བརྒྱ་ལྷག་ཙམ་ཞིག་གཞུང་བཞེས་བཏང་ཐུབ་ཡོད་པ་རེད་འདུག་ལ། གོང་ཞུས་ཐ་མག་ཉལ་ཐག་གི་དུག་རྫས་ནག་ཚོང་རྒྱག་མཁན་དེ་ཚོས་། འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་ལག་སྦྲེལ་བྱས་ཏེ། ཕྱི་རྒྱལ་རྒྱལ་ཁབ་ནས་ཐེ་ལྦན་ལ་འཕུར་བསྐྱོད་བྱེད་མཁན་གནམ་གྲུའི་ནང་། ཐ་མག་ཉལ་ཐག་གི་དུག་རྫས་དེ་ཚོ་བཏང་ཡོང་གི་ཡོད་པ་མ་ཟད་། ནག་ཚོང་རྒྱག་མཁན་ཚོས། ཐ་མག་ཉལ་ཐག་གི་དུག་རྫས་དེ་ཚོ་ཤ་མོང་ནང་བཀྲེས་ནང་བཏང་གི་ཡོད་པ་རེད་འདུག།