རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་ཡིན།


2017.10.17
ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་གསལ་བསྒྲགས་སྐབས། ༢༠༡༧།༡༠།༡༧ ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་གསལ་བསྒྲགས་སྐབས། ༢༠༡༧།༡༠།༡༧
TT/Fb

ཐེ་ཝན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ཟུང་འབྲེལ་གྱིས་རྒྱ་ནག་གི་འགོ་ཁྲིད་ཞེ་ཅིན་ཕིང་གིས་འདས་པའི་ལོ་ངོ་ལྔའི་རིང་བོད་ནང་མུ་མཐུད་ནས་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
ལས་འགུལ་འདི་ནི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཐོག་མར་འགོ་འཛུགས་བྱས་པ་ཞིག་ཡིན་པ་རེད།
ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་འཐུད་ཚོགས་པས་འདི་ཚེས་༡༧་གཟའ་མིག་དམར་ཉིན་ཐེ་ཝན་ནང་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་ཀྱིས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་འདས་པའི་ལོ་ངོ་ལྔའི་རིང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་དབང་ཆ་བཟུང་བའི་རྗེས། བོད་ནང་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་དམ་དྲག་གི་སྲིད་བྱུས་ལ་འགྱུར་ལྡོག་གང་ཡང་བཏང་མེད་པར་དམ་དྲག་གི་གནས་སྟངས་དེ་བས་ཛ་དྲག་ཏུ་གཏོང་བཞིན་པར་ཐེ་ཝན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་མཉམ་རུབ་ཐོག་ནས་ཞེ་ཅིན་ཕིང་གིས་བོད་ཐོག་གི་ཕམ་ཉེས་སྲིད་བྱུས་ཞེས་པའི་བརྗོད་ཚིག་ཐོག་ནས་རྒྱལ་སྤྱིའི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག
ཐེ་ཝན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དེས་རྒྱལ་སྤྱིའི་ཐོག་ནས་ཕྱི་ལོ་༢༠༡༢ལོ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་བཏང་ཡོད་པ་དེ་ཤེས་རྟོགས་ཡོང་ཐབས་ཆེད་ཡིན་པ་བོད་དང་ཐེ་ཝན་འགྲོ་བ་མིའི་འབྲེལ་འཐུད་ཚོགས་པས་སྤེལ་བའི་གསལ་བསྒྲགས་དེའི་ནང་བཀོད་འདུག
ད་དུང་གསལ་བསྒྲགས་དེའི་ནང་།  བོད་ནང་ད་ཆ་རྒྱ་ནག་གཞུང་གི་བསམ་ཚུལ་དང་མི་མཐུན་པའི་སྐད་སྒྲ་གཅིག་ཀྱང་སྒྲོག་མི་ཆོག་པ་མ་ཟད། ཆབ་སྲིད་བཙོན་པ་ཚོར་ཉེས་རྡུང་མནར་གཅོད་གཏོང་བ། ཆོས་ལུགས་ལ་དད་ཞེན་བྱེད་མཁན་ཚོར་རྡུང་རྡེག་གཏོང་བ་སོགས་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེ་ཡོད་པའི་སྐོར་སོགས་བཀོད་ཡོད་འདུག
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་འཐུད་ཚོགས་པའི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་སྤེལ་བའི་སྐབས། རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་བཅུ་དགུ་པ་སང་ཉིན་ཚེས་༡༩་ནས་འགོ་འཚུགས་ཀྱི་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་མ་འོངས་རྒྱ་ནག་གི་སྲིད་དབང་བཟུང་རིང་བོད་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་ལྡོག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེིས་གསུངས་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎