ཐའེ་ལྦན་གྱིས་མེ་ཤུགས་འཕུར་མདེལ་ཚོད་ལྟ།

ཁ་ས་ཐའེ་ལྦན་གྱིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་གློད་གཏོང་གིས་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་སྐོར།

2009.10.14

༄༅༎རྒྱ་ནག་གིས་རྒྱལ་སྟོན་ཉིན་མོར་རྒྱལ་ཁབ་ཀྱི་ཆེས་ཡར་ཐོན་ཅན་གྱི་མེ་ཤུགས་འཕུར་མདེལ་དང་གོ་མཚོན་འགྲེམས་སྟོན་བྱས་ནས་བདུན་གཉིས་ལས་འགྲོ་ཡི་མེད་པའི་སྐབས་འདིར་ཁ་ས་ཐའེ་ལྦན་གྱིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་གློད་གཏོང་གིས་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་སྐོར་ཐའེ་ལྦན་གྱི་གསར་ཤོག་ནང་གནས་ཚུལ་བཀོད་འདུག

ཁ་ས་ཐའེ་ལྦན་གྱིས་གསང་རྒྱ་དང་སྲུང་སྐྱོབ་དམ་པོའི་འོག་ཐའེ་ལྦན་ལྷོ་ཕྱོགས་ཁུལ་ཡོད་པའི་ཁྲུའི་ཕེང་དམག་དོན་རྟེན་གཞི་ནས་མེ་ཤུགས་འཕུར་མདེལ་ཚོད་ལྟ་གློད་གཏོང་བྱས་པ་དང་མེ་ཤུགས་འཕུར་མདེལ་དེའི་རིགས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཐོག་གཏོར་རྒོལ་གཏོང་ཐུབ་པའི་ནུས་པ་ཡོད་སྐོར་ཐའེ་ལྦན་ཉིན་རེའི་ཆིག་སྒྲིལ་གསར་ཤོག་ནང་གནས་ཚུལ་བཏོན་ཡོད་པ་དང་གོང་ཞུས་དམག་སྦྱོང་དེར་གཟིགས་ཞིབ་གནང་མཁན་གྱི་གྲས་སུ་སྲིད་འཛིན་མ་ཡིང་ཇུ་ཕེབས་ཡོད་སྐོར་ཡིད་ཆེས་བློས་འཁེལ་ཐུབ་པའི་དམག་དོན་གྱི་གནས་ཚུལ་འབྱུང་ཁུངས་ཀྱིས་འགྲེལ་བརྗོད་བྱས་པ་གསར་ཤོག་དེས་ལུང་འདྲེན་བྱས་འདུག འོན་ཀྱང་ཐའེ་ལྦན་བདེ་སྲུང་ལྷན་ཁང་གིས་གསར་ཤོག་ནང་ཐོན་པའི་གནས་ཚུལ་དེའི་སྐོར་འདི་བྱས་འདི་མིན་གྱི་གནས་ཚུལ་གང་ཡང་གསུང་མི་འདུག

དམག་དོན་ཐོག་གི་མཁས་པ་ཚོས་བརྗོད་ན་ཐའེ་ལྦན་གྱི་ཚོད་ལྟ་གློད་གཏོང་བྱས་པའི་མེ་ཤུགས་འཕུར་མདེལ་གྱི་གྲས་སུ་ཧིསུང་ཕེང་ཀྲུ་ཨི་ཞེས་པ་དེ་ཡོད་པ་དང་མེ་ཤུགས་འཕུར་མདེལ་དེ་སྐམ་མཚོ་གཉིས་ཀའི་ཐོག་ནས་གློད་གཏོང་ཐུབ་རྒྱུ་ཡིན་པའི་ཁར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་ཧོང་ཀོང་ལ་སོགས་པའི་རྒྱ་ནག་ལྷོ་ཕྱོགས་ཁུལ་གྱི་དམག་དོན་གྱི་རྟེན་གཞི་ཁག་དང་གནམ་གྲུའི་བབས་ཐང་བཅས་གཏོར་ཐུབ་པའི་ནུས་པ་ཡོད་སྐོར་དམག་དོན་ཐོག་གི་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎