གྲོས་མོལ་དེ་རྒྱ་ནག་གཅིག་ཅེས་པའི་སྒྲོམ་གཞིའི་འོག་གནང་དགོས།


2015.05.04
ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་སྲིད་འཛིན་དབར་ཐུག་འཕྲད་གནང་སྐབས། ༢༠༡༥།༥།༤ ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་སྲིད་འཛིན་དབར་ཐུག་འཕྲད་གནང་སྐབས། ༢༠༡༥།༥།༤
AFP

ཚེས༤ཉིན་ཐེ་ཝན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་དང་རྒྱ་ནག་གི་སྲིད་འཛིན་དབར་ཐུག་འཕྲད་གནང་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་དང་མཇལ་འཕྲད་གནང་ནས་ཕྱོགས་ཕན་ཚུན་འདྲ་མཉམ་ཐོག་གྲོས་མོལ་གནང་ནས་མཐུན་མིན་གྱི་གནད་དོན་ཁག་སེལ་ཐབས་གནང་དགོས་ཞེས་གསུངས་ཡང་གྲོས་མོལ་དེ་རྒྱ་ནག་གཅིག་ཅེས་པའི་སྒྲོམ་གཞིའི་འོག་གནང་དགོས་སྐོར་གསུངས་ཡོད་འདུག ཤིན་ཧ་གསར་འགྱུར་ལས་ཁང་གིས། སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཕྱོགས་ཕན་ཚུན་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་འོག་འདྲ་མཉམ་ལྡན་པའི་ངང་གྲོས་མོལ་གནང་ནས་རྒྱུ་མཚན་དང་ལྡན་པའི་འགྲིག་འཇགས་གཅིག་ཡོང་ཐབས་གནང་དགོས་གསུངས་པ་ལུང་འདྲེན་གནང་ཡོད་པ་རེད། ཡང་ཤིན་ཧ་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཞེ་ཅིན་ཕེན་གྱིས་ཕྱོགས་ཕན་ཚུན་གཉིས་ཀས་ཡུན་རིང་གི་མཐུན་མིན་གྱི་དཀའ་རྙོག་ཁག་སེལ་རྒྱུར་དཔའ་མཛངས་དང་། བློ་གྲོས་བཏོན་ནས་དཀའ་རྙོག་སེལ་རྒྱུར་ཐབས་ལམ་ལྷོད་མེད་གནང་དགོས་ཞེས་གསུངས་པ་ཡང་ལུང་འདྲེན་གནང་འདུག ཐེ་ཝན་གོ་མིན་ཏང་གི་ཚོགས་གཙོ་སྐུ་ཞབས་ཅུ་ཡིས་རྒྱ་ནག་སྐམ་ས་དང་འགྲིག་འཇགས་ཡོང་རྒྱུའི་གནད་དོན་སྐོར་གསུངས་མེད་ཀྱང་ཁོང་གིས་ཐེ་ཝན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་ཞུགས་རྒྱུར་དཀའ་རྙོག་མི་འཕྲད་པའི་རེ་བ་བཏོན་གནང་བ་དེར་རྒྱ་ནག་གིས་རྣམ་ཀུན་ནས་འགག་པ་རྒྱབ་ཀྱི་ཡོད་པ་རེད། ཁོང་ད་ཐེངས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་བ་དེས་ཁོང་གི་ཐེ་ཝན་ནང་གི་ཤུགས་རྐྱེན་དེ་ཆེ་རུ་འགྲོ་རྒྱུ་མ་ཟད། ཁོང་གོ་མིན་ཏང་ཚོགས་པའི་ཁོངས་ནས་ཐེ་ཝན་གྱི་ཕྱི་ལོ་༢༠༡༦ལོའི་སྲིད་འཛིན་གྱི་འོས་བསྡུའི་ནང་བཞེངས་རྒྱུར་འོས་ཤོས་ཀྱི་མི་སྣ་དེ་ཆགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎