རྒྱ་ནག་ལ་ཕྱོགས་མཁན་ཀོ་ཤོན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ལས་གནས་ནས་ཕྱིར་ཕུད།


2020.06.08
ཐེ་ཝན་ཀོ་ཤོན་གྲོང་ཁྱེར་གྱི་སྤྱི་ཁྱབ་གོ་མིན་ཏང་ཚོགས་པའི་སྐུ་ཞབས་(Han Kuo-yu) ༼དཀྱིལ༽ ཐེ་ཝན་ཀོ་ཤོན་གྲོང་ཁྱེར་གྱི་སྤྱི་ཁྱབ་གོ་མིན་ཏང་ཚོགས་པའི་སྐུ་ཞབས་(Han Kuo-yu) ༼དཀྱིལ༽
AFP

ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་ལ་ཕྱོགས་ཞེན་བྱེད་མཁན་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་ཞིག་ལས་གནས་ནས་ཕྱིར་འབུད་བཏང་རྗེས། ཉིན་དེའི་དགོང་མོར་གྲོང་ཁྱེར་སྤྱི་ཁྱབ་པ་དེར་ཡུན་རིང་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཁང་བརྩེགས་ནས་ལྷུང་སྟེ་གྲོངས་ཡོད་པ་དང་། གནས་སྟངས་དེའི་འོག་ཐེ་ཝན་གོ་མིན་ཏང་གི་ཆབ་སྲིད་ལངས་ཕྱོགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག  
ཐེ་ཝན་ཀོ་ཤོན་གྲོང་ཁྱེར་གྱི་སྤྱི་ཁྱབ་གོ་མིན་ཏང་ཚོགས་པའི་སྐུ་ཞབས་(Han Kuo-yu)་ལ་མི་དམངས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་དང་། ཚེས་༦་ཉིན་ཁོང་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་ནས་གཡུག་དགོས་མིན་མི་དམངས་ཀྱིས་འོས་བསྡུ་བྱས་བར། ཐེ་ཝན་གྱི་ཀོ་ཤོན་(Gao xiong)་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་(Han Kuo-yu)་ལས་གནས་ནས་གཡུག་དགོས་པར་རྒྱབ་སྐྱོར་བྱེད་མཁན་འོས་ཤོག་གྲངས་ཁྲི་༩༤་ཐོབ་ནས་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་ནས་གཡུག་རྒྱུ་ཐག་གཅོད་ཟིན་པ་དང་། དེ་ནི་དེ་སྔོན་ཁོང་༢༠༡༨་ལོའི་ནང་(Gao Xiu)་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་འོས་ཤོག་གྲངས་ཁྲི་༨༩་ཐོབ་པ་ལས་མང་བ་བྱུང་འདུག
ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་མི་ཡིན་པ་(Han Kuo-yu)་ནི། སྤྱི་ལོ་༢༠༡༨་ལོའི་ནང་ཀོ་ཤོན་(Gao Xiong)་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་པའི་གོ་གནས་ཐོབ་པ་ནི་ཧང་སངས་དགོས་པ་ཞིག་ཆགས་ཡོད་ནའང་། སྤྱི་ཁྱབ་པའི་ལས་གནས་ནས་ཡུན་རིང་མ་འགོར་བར་༢༠༡༩་ལོའི་ནང་ལས་ཞུགས་ཐོག་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུའི་ནང་འཛུལ་ཞུགས་བྱས་བར་ཕམ་ཉེས་བྱུང་བའི་ཁར། ད་ཆ་མི་དམངས་ཀྱིས་འོས་བསྡུའི་ལམ་ནས་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་ནས་གཡུག་རྒྱུ་ཐག་གཅོད་བྱས་འདུག
དེའི་ཐད་སྤྱི་ཁྱབ་པ་(Han Kuo-yu)་ཡིས། གནས་ཚུལ་དེར་ཁོང་ལ་བློ་ཕམ་ཚད་མེད་བྱུང་བ་དང་། འོས་བསྡུ་དེ་ནི་དྲང་བདེན་ཞིག་བྱུང་མེད་པ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་འདུག
གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་ལ་ཕྱོགས་ཞེན་བྱེད་མཁན་ཞིག་དེ་འདྲ་ཐེ་ཝན་མི་དམངས་ཀྱི་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དེ་ནི། རྒྱ་ནག་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་ལ་མགོ་མི་སྒུར་ཞེས་བརྡ་ལན་སྤྲོད་ཀྱི་ཡོད་པ་བརྗོད་འདུག
གོང་ཞུས་(Han Kuo-yu)་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་ནས་གཡུག་རྒྱུའི་ཐག་གཅོད་ཀྱི་གནས་ཚུལ་དེ་བསྒྲགས་པའི་ཉིན་དེའི་དགོང་དྲོར། ཡུན་རིང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཀོ་ཤོན་(Gao Xiong)་གྲོང་ཁྱེར་ཀྱི་གྲོས་ཚོགས་འཐུས་མི་(Xu Juyuan许菎源)་ཁང་བརྩེགས་ནས་ལྷུང་སྟེ་གྲོངས་པའི་གནས་ཚུལ་བྱུང་འདུག ཁོང་ནི་སྤྱི་ཚེས་༦་ཉིན་གྱི་དགོང་དྲོའི་ཆུ་ཚོད་༩་སླེབས་ལ་ཉེ་བའི་སྐབས་སོ་སོ་སྡོད་སའི་ནང་གི་ཁང་བརྩེགས་༡༧་ནས་ལྷུང་སྟེ་གྲོངས་ཡོད་པ་དང་། ཁང་བརྩེགས་ནས་ལྷུང་དགོས་དོན་ཅི་ཡིན་ཉེན་རྟོག་ཕྱོགས་ནས་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་ལས་གནས་ཚུལ་ཁ་གསལ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎