ཐའེ་ལྦན་གྱི་སྲིད་བློན་ཟུར་པ་ཞིག་རྒྱ་ནག་ཏུ་ཆེད་ཕེབས།

ཐའེ་ལྦན་གྱི་སྲིད་བློན་དང་སྲུང་སྐྱོབ་བློན་ཆེན་ཟུར་པ་སྐུ་ཞབས་ཧའོ་ཕེ་སུན་གཟའ་པ་སངས་ཉིན་པེ་ཅིང་དུ་ཆེད་ཕེབས་གནང་ཡོད་པ་རེད།

2009.08.07

༄༅༎ཐའེ་ལྦན་གྱི་སྲིད་བློན་དང་སྲུང་སྐྱོབ་བློན་ཆེན་ཟུར་པ་སྐུ་ཞབས་ཧའོ་ཕེ་སུན་གཟའ་པ་སངས་ཉིན་པེ་ཅིང་དུ་མ་འོངས་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཡར་རྒྱས་མུ་མཐུད་གཏོང་རྒྱུའི་ཆེད་ཆེད་ཕེབས་གནང་ཡོད་པའི་སྐོར་ཐའེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག

སྐུ་ཞབས་ཧའོ་ཕེ་སུན་གྱིས་ཕྱི་ལོ་༡༩༨༡ལོ་ནས་༡༩༩༣ལོ་བར་ཐའེ་ལྦན་གྱི་སྲུང་སྐྱོབ་བློན་ཆེན་དང་སྲིད་བློན་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་ཅིང་ཁོང་ད་རེས་རྒྱ་ནག་ནང་ཕེབས་སྐབས་རྒྱ་ནག་གི་དམག་དཔུང་ནས་ཕེབས་བསུ་ཞུས་ཡོད་པའི་ཁར་རྒྱ་ནག་ནང་ཕེབས་རིང་རྒྱ་ནག་དང་ཐའེ་ལྦན་དབར་གྲོས་མོལ་གནང་མཁན་གྱི་རྒྱ་ནག་གྲོས་མོལ་ལྷན་ཁང་གི་དཔོན་རིགས་གྲན་ཡུན་ལིན་དང་ཡང་མཇལ་མོལ་གནང་འཆར་ཡོད་ཅིང་དཔོན་རིགས་གཉིས་དབར་ཐའེ་ལྦན་གྱི་སྲུང་སྐྱོབ་གནད་དོན་ཐོག་ལ་ཡང་ཕན་ཚུན་དགོངས་ཚུལ་སྤེལ་རེས་གནང་འཆར་ཡོད་པ་དང་ཡིན་ན་ཡང་ཕྱོགས་གཉིས་ཀྱི་དམག་དོན་དཔོན་རིགས་དབར་ཕན་ཚུན་བཀའ་མོལ་གནང་མོལ་གནང་འཆར་ཡོད་མིན་ཐད་ཕྱོགས་གཉིས་ཀས་ལན་འདེབས་གནང་མེད་པའི་སྐོར་ཐའེ་ལྦན་གྱི་མཉམ་འབྲེལ་ཚགས་ཤོག་ཐོག་གནས་ཚུལ་འཁོད་ཡོད་འདུག

དགུང་གྲངས་དགུ་ཅུར་ཕེབས་ཀྱི་ཡོད་པའི་སྐུ་ཞབས་ཧའོ་ཕད་སུན་དེ་སྔོན་ཐའེ་ལྦན་གྱི་ཆེས་མཐོའི་དཔོན་རིགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པའི་ཁར་གོ་མིན་ཏང་ཚོགས་པའི་ཚོགས་མི་ཡང་ཡིན་ཞིང་དེ་བཞིན་ཁོང་གིས་དེང་སྐབས་ཡང་ཐའེ་ལྦན་གྱི་དམག་དཔུང་ནང་ཤུགས་རྐྱེན་ཆེན་པོ་ཡོད་མུས་ཡིན་པར་བརྟེན་ད་རེས་ཁོང་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་མ་འོངས་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་དེ་བས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་སྲིད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་པ་རེད། ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་བཞིན་འདས་པའི་ལོ་ངོ་མང་པོའི་རིང་ཛ་དྲག་གི་གནས་སྟངས་སུ་ཡོད་མུས་ཡིན་ཡང་ཐའེ་ལྦན་གྱི་སྲིད་དབང་གོ་མིང་ཏང་ཚོགས་པས་འཛིན་པའི་རྗེས་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་རྒྱ་ནག་དང་ཐའེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་འབྲེལ་ལམ་ཟབ་ཏུ་བཏང་ནས་དེང་སྐབས་ཕྱོགས་གཉིས་དབར་ཚོང་དོན་དང་དཔལ་འབྱོར་ཕན་ཚུན་འགྲོ་འོང་སོགས་ཀྱི་ཐོག་རྣམ་པ་གསར་པ་ཞིག་ཐོན་ཡོད་པ་དང་ཡིན་ན་ཡང་ཕྱོགས་གཉིས་དབར་སྲིད་དོན་དང་དམག་དོན་སོགས་ཚོར་བ་རྣོ་བའི་གནད་དོན་ཁག་གི་ཐོག་གླེང་སློང་གང་ཡང་གནང་གི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎