ཡུ་གུར་ལྕམ་ར་བཱི་ཡའི་ལོ་རྒྱུས་ཀྱི་གློག་བརྙན་སྟོན་རྒྱུར་འགྱུར་བ།
2009.09.20
༄༅༎ཐེ་ལྦན་གྱིས་རྒྱ་ནག་གི་ཤུགས་གནོན་འོག་ཡུ་གུར་རང་དབང་འཐབ་རྩོད་པ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་ཀྱི་གློག་བརྙན་བསྟན་རྒྱུར་འགྱུར་བ་ཏང་ཡོད་པའི་གནས་ཚུལ་ཐོན་འདུག
ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཐེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཀའོ་ཞུང་ནང་ཕྱི་ཟླ་བཅུ་པའི་ནང་གློག་བརྙན་དུས་སྟོན་སྐབས་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་ཀྱི་གློག་བརྙན་བརྩེ་བའི་ཆ་རྐྱེན་བཅུ་ཟེར་བ་དེ་བསྟན་རྒྱུའི་ཐག་གཅོད་བྱས་ཀྱང་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་ནས་ཐེ་ལྦན་ནང་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་སྟོང་ཕྲག་མང་པོས་འགྲིམས་འགྲུལ་མཚམས་འཇོག་བྱས་ཡོད་པ་མ་ཟད་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་ལའང་གནོད་གཞི་ཆགས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དེ་འདྲའི་ཤུགས་གནོན་འོག་ད་ཆ་ར་བཱི་ཡ་ཀ་རྡིར་གྱི་གློག་བརྙན་དུས་སྟོན་ངོ་མ་ནས་ཕྱིར་འཐེན་གྱིས་དེའི་གོང་ལ་བསྟན་རྒྱུར་ཐག་གཅོད་གནང་ཡོད་འདུག དེ་འདྲའི་བསྟུན་མཁས་གནང་དགོས་དོན་གཙོ་བོ་ནི་ཟླ་བ་སྔོན་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ལྦན་ནང་འབྱུང་བའི་རྐྱེན་ངན་ནང་ལྷུངས་པའི་ཡུལ་མི་ཚོས་གདན་ཞུ་གནང་བར་ལྟར་ཕེབས་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་ཤར་ཕྱོགས་ཀྱི་གྲོང་ཁྱེར་གྱི་དབུ་ཁྲིད་ཀྲུའུ་ཧྲན་ལུ་གཟིགས་སྐོར་གནང་གཏན་འཁེལ་བ་ཕྱིར་འཐེན་གནང་བའི་རྗེས་སུ་ད་ལམ་ཐེ་ལྦན་ནང་ཕེབས་པ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག ཁོང་གིས་ཐེ་ལྦན་གྱི་རང་འཚམས་ཀྱིས་གང་བྱུང་བྱས་ན་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་བར་ཆད་གཏང་རྒྱུའི་ཉེན་བརྡ་གསལ་པོ་བཏང་ཡོད་འདུག རེས་གཟའ་ཉི་མའི་ཉིན་ཀའོ་ཞུང་གྲོང་ཁྱེར་སྤྱི་ཁྱབ་ཁྲེན་ཁྲུ་ཡིས་ར་བཱི་ཡ་ཀ་རྡིར་གྱི་གློག་བརྙན་བདུན་ཕྲག་འདིའི་རེས་གཟའ་མིག་དམར་དང་ལྷག་པ་གཉིས་པ་བསྟན་རྒྱུ་དང་ཕྱི་ཟླ་བཅུ་པའི་དུས་སྟོན་ནས་ཕྱིར་བསྡུ་གནང་ཡོད་སྐོར་གསལ་བསྒྲགས་གནང་འདུག།