ཐེ་ཝན་ནང་བོད་སོག་རིག་གཞུང་ལྟེ་གནས་ཁང་ཞེས་པ་ཞིག་གསར་བཙུགས་བྱས་འདུག


2017.09.16
ཐེ་ཝན་ནང་བོད་སོག་རིག་གཞུང་ལྟེ་གནས་ཁང་ཞེས་པ་ཞིག་གསར་བཙུགས་བྱས་འདུག ཐེ་ཝན་རིག་གཞུང་ལྷན་ཁང་ནས་བོད་སོག་རིག་གཞུང་ལྟེ་གནས་ཁང་དབུ་འབྱེད་གནང་ཡོད་པ།
ཐེ་ཝན་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ།

༄༅། །ཐེ་ཝན་གཞུང་གིས་ལོ་ངོ་ ༨༩ འི་ལོ་རྒྱུས་ཡོད་པའི་ཐེ་ཝན་བོད་སོག་ལས་ཁུངས་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས། ཐེ་ཝན་ནང་བོད་དང་སོག་པོའི་རིག་གཞུང་ལས་དོན་སྤེལ་ཆེད་བོད་སོག་རིག་གཞུང་ལྟེ་གནས་ཁང་ཞེས་པ་ཞིག་གསར་བཙུགས་བྱས་འདུག
འདི་ག་རླུང་འཕྲིན་ཁང་ནས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བོད་སོག་རིག་གཞུང་ལྟེ་གནས་ཁང་དེ་ནི་ཐེ་ཝན་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་ཤིག་ཡིན་པ་དང་། ལྟེ་གནས་དེ་ནི་རིག་གཞུང་ཁོ་ན་དང་འབྲེལ་བ་ཡོད་པ་ལས་ཆབ་སྲིད་ལས་དོན་དང་འབྲེལ་བ་གང་ཡང་མེད་པ་གསལ་བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༡༥ ཉིན་ ཐེ་ཝན་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ CNA ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་སོག་རིག་གཞུང་ལྟེ་གནས་ཁང་དེའི་དམིགས་ཡུལ་ནི་བོད་དང་སོག་པོའི་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་བྱེད་ཆེད་ཡིན་པ་བཀོད་འདུག་ལ། ཟླ་བ་སྔོན་མར་ཐེ་ཝན་གཞུང་གི་ལས་ཁུངས་ཁག་གི་སྒྲོམས་གཞིར་བསྐྱར་བཅོས་བྱས་པའི་སྐབས་ཐེ་ཝན་བོད་སོག་ལས་ཁུངས་སྒོ་བརྒྱབ་སྟེ། ལས་ཁུངས་དེའི་ལས་དོན་དང་སྔོན་རྩིས་ཁག་ཐེ་ཝན་རིག་གཞུང་ལྷན་ཁང་དང་། ཕྱི་སྲིད་ལྷན་ཁང་། རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་སོ་སོར་ཆ་བགོས་བྱས་ཡོད་པ་བཀོད་འདུག
ཐེ་ཝན་བོད་སོག་རིག་གཞུང་ལྟེ་གནས་ཁང་ཞེས་པ་དེ། དེ་སྔོན་ཐེ་ཝན་བོད་སོག་ལས་ཁུངས་ཡོད་ས་དེ་རང་དུ་བཙུགས་ཡོད་པར་མ་ཟད། རིག་གཞུང་ལྟེ་གནས་ཁང་དེའི་འགན་འཛིན་ནི་ སྒོ་བརྒྱབ་ཟིན་པའི་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་དྲུང་ཆེ་ ཞུའི་ཀུད་ཤང་ (Hsu Kuei-hsiang) ལ་བསྐོ་བཞག་བྱས་འདུག
བོད་མི་ཚོས་བོད་སོག་ལས་ཁུངས་ནི་བོད་མིའི་སྤྱི་ཚོགས་ནང་དཀའ་རྙོག་བཟོ་མཁན་གྱི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཐེ་ཝན་གཞུང་གིས་བོད་སོག་ལས་ཁུངས་སྒོ་རྒྱག་རྒྱུའི་ཐག་གཅོད་ལ་བོད་མི་ཚོས་དགའ་བསུ་ཞུས་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎