ཐེ་དབན་སྐུ་ཚབ་ཨ་རིའི་སྲིད་འཛིན་དམ་འབུལ་མཛད་སྒོར་མཉམ་ཞུཊ།


2017.01.21
ཐེ་དབན་སྐུ་ཚབ་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་མཉམ་ཞུགས། ཐེ་དབན་གྱི་སྲིད་བློན་ཟུར་པ་ཡུའུ་ཤིས་ཁུན།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཐེ་དབན་གྱི་སྐུ་ཚབ་ཨ་རིའི་སྲིད་འཛིན་དམ་འབུལ་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག
ཐེ་དབན་གྱི་སྲིད་བློན་ཟུར་པ་ཡུའུ་ཤིས་ཁུན་གྱི་སྣེ་ཁྲིད་པའི་ཐེ་དབན་གྱི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་དེ་བཞིན་གཟའ་པ་སངས་ཉིན་ཨ་རི་གཞུང་གི་གདན་ཞུ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམ་པ་མཆོག་གི་སྲིད་འཛིན་དམ་འབུལ་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། ཐེ་དབན་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡའུ་ཤིས་ཁུན་གྱིས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་བའི་སྐབས། ཐེ་དབན་དང་ཨ་རིའི་དབར་གྱི་འབྲེལ་ལམ་ད་ལྟའི་ཆར་བཟང་ཤོས་ཀྱི་དུས་སྐབས་ཤིག་ཡིན་པའི་སྐོར་གསུངས་འདུག    ད་རེས་ཨ་རིའི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོར་ཕེབས་པའི་ཐེ་དབན་གྱི་སྐུ་ཚབ་གྲས་སུ་ཐེ་དབན་གྱི་ཆབ་སྲིད་ཚོགས་པ་གསར་པ་དུས་རབས་ཀྱི་སྟོབས་ཤུགས་ཞེས་པའི་ཚོགས་པའི་གྲོས་ཚོགས་འཐུས་མི་ལིང་གྲང་ཛོའོ་འམ་ཕད་གྲེས་་ལིམ་ཡང་ཡོད་པ་དང་།  ཁོང་གིས་ད་རེས་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐབས་ཨ་རིའི་སྲིད་དོན་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་བྱུང་བ་དང་ཁོང་རྣམ་པས་ཐེ་དབན་གྱི་སྐུ་ཚབ་ཡིན་པ་ཤེས་དུས་དགའ་སྣང་གི་རྣམ་འགྱུར་ཤུགས་ཆེ་བཏོན་གྱི་ཡོད་པ་མ་ཟད་ཁག་གཅིག་གིས་རྒྱ་སྐད་ཐོག་ནས་ཐེ་དབན་ཤུགས་རྒྱོབ་ཞེས་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གྱི་ཡོད་པའི་སྐོར་གསུངས་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎