ཐའེ་ལྦན་སྲིད་འཛིན་ཟུར་པས་ནག་ཉེས་ལ་ཁས་ལེན་གནང་མེད་པ།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཁྲིམས་ཁང་གིས་ཁོང་ལ་བཙུགས་པའི་ནག་ཉེས་ལ་ཁས་ལེན་གནང་མེད་པ་རེད།

2009.01.19

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཁྲིམས་ཁང་གིས་ཁོང་ལ་བཙུགས་པའི་ནག་ཉེས་ལ་ཁས་ལེན་གནང་མེད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གཟའ་ཟླ་བའི་ཉིན་བཀག་ཉར་ཁང་ནས་ཐའེ་ལྦན་ཁྲིམས་ཁང་དུ་ཁྲིམས་ཞིབ་བསྐོངས་ཡོད་པ་དང་ཁྲིམས་ཁང་དུ་ཁོང་གིས་རང་ཉིད་ཀྱི་གྲོད་དོན་རང་ངོ་ནས་ཁྲིམས་རྩོད་གནང་ནས་ཐའེ་ལྦན་ཞིབ་སྤྱོད་ཁང་གིས་ཁོང་ལ་གྱོད་བཙུགས་བྱས་པའི་ཉེས་པ་ལ་ཁས་ལེན་གནང་མེད་པ་དང་ཐའེ་ལྦན་ས་གནས་ཁྲིམས་ཁང་གིས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱི་གྱོད་བཙུགས་ཁག་ནས་ཁོང་གིས་སྲིད་འཛིན་ཐུགས་འགན་བཞེས་པའི་སྐབས་ཐའེ་ལྦན་གྱི་ས་གནས་ཤིང་ཀྲུའུ་ཁུལ་ནང་ས་ཁང་ཉོ་ཚོང་གི་ལས་དོན་ནང་ཁྲིམས་འགལ་གྱི་ལྐོག་དངུལ་ལེན་པ་དང་དེ་བཞིན་དབངང་ཚད་ལས་བརྒལ་བའི་བྱ་སྤྱོད་སོགས་ཀྱི་གྱོད་བཙུགས་ཐོག་ཁྲིམས་ཞིབ་བྱས་ཡོད་ཅིང་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་ཁྲིམས་ཞིབ་བྱེད་པའི་སྐབས་ཞིབ་སྤྱོད་ཁང་གིས་གྱོད་བཙུགས་བྱས་པའི་ལྐོག་དངུལ་བཟས་པ་དང་དེ་བཞིན་དབང་ཚད་ལས་བརྒལ་བའི་ཐོག་ནས་ཁྲིམས་བརྒལ་གྱི་བྱ་སྤྱོད་སྤེལ་ལུགས་ཀྱི་ཉེས་བཙུགས་དེ་ཚོ་དངོས་ཡོད་དང་མཐུན་གྱི་མེད་པས་ཁས་ལེན་བྱེད་ཐབས་རྩ་བ་ནས་མེད་པའི་རྩོད་བཤེར་གནང་ཡོད་ཅིང་ཁོང་གིས་སྲིད་འཛིན་ཐུགས་འགན་བཞེས་པའི་སྐབས་ཐའེ་ལྦན་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུའི་ཆེད་ཤིན་ཀྲུའུ་ས་གནས་ཀྱི་ཚན་རིག་ཚོད་ལྟའི་ས་ཁོངས་ནས་ས་ཆ་ཉོས་པ་ཞིག་ཡིན་པ་ལས་ཞིབ་སྤྱོད་པས་ཉེས་བཙུགས་བྱས་པ་བཞིན་རང་ཁྲིའི་དབང་ཚད་ལས་བརྒལ་བའི་ཉེས་པ་བཙུགས་ཡས་དེ་ནི་དོན་དངོས་དང་མཐུན་གྱི་མེད་ཅིང་ཁོང་གིས་དེ་ལྟར་ཡིན་ཚེ་ཐའེ་ལྦན་གྱི་ལས་ཐོག་སྲིད་འཛིན་མའ་དབྱིང་ཇའུ་ཡིས་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་མཁེ་ལས་ཚོང་དོན་ཁང་ཚོར་ས་ཁང་ཉོ་ཚོང་བྱ་རྒྱུར་རོགས་རམ་གནང་ཡོད་པས་དེ་ཡང་གཅིག་མཚུངས་ཁྲིམས་བརྒལ་གྱི་བྱ་སྤྱོད་མ་རེད་དམ་ཞེས་རྩོད་ལན་གནང་ཡོད་པ་རེད། ཐའེ་ལྦན་གྱི་ཁྲིམས་ཁང་ནས་ཐོག་མའི་འཆར་གཞིའི་ནང་གོང་ཞུས་གྱོད་བཙུགས་དང་དེ་བཞིན་རྒྱལ་ཁབ་ཀྱི་གསང་བའི་མ་དངུལ་འགྲོ་གྲོན་གང་བྱུང་བེད་སྤྱོད་བྱས་པའི་གྱོད་བཙུགས་དང་དེ་བཞིན་མ་དངུལ་ལྐོག་ཟའི་གྱོད་དོན་ཐོག་ཉིན་གསུམ་སྟུད་མར་ཁྲིམས་ཞིབ་བྱ་རྒྱུ་ཡིན་ན་ཡང་ཁྲིམས་དཔོན་གྱིས་ཁྲིམས་ཞིབ་ཕྱི་ཚེས་ཉི་ཤུ་གཅིག་བར་ནར་འགྱངས་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎