ཐའེ་ལྦན་དུ་ཡུ་གུར་མི་རིཌ་ཀྱི་འགོ་ཁྲིད་ར་སྦི་ཡའི་ལོ་རྒྱུས་གློག་བརྙན།

ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཤུང་ནང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་བསྟན་འདུག

2009.10.16

༄༅༎རྒྱ་ནག་གཞུང་གིས་དགག་པ་རྒྱབ་མིན་ལ་མ་ལྟོས་པས་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཤུང་ནང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཡི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་བསྟན་ཏེ་གློག་བརྙན་དུས་ཆེན་འགོ་བཙུགས་བྱས་འདུག

ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཀའོ་ཤུང་ནང་གཟའ་འཁོར་གཉིས་རིང་གློག་བརྙན་དུས་ཆེན་སྲུང་བརྩིའི་སྐབས་སུ་བརྩེ་བར་ཆ་རྐྱེན་བཅུ་ཞེས་པའི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགོ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་སྐོར་གྱི་གློག་བརྙན་དེ་ཐེངས་མ་བཞིན་སྟོན་རྒྱུ་ཡིན་སྐོར་གློག་བརྙན་དུས་ཆེན་གོ་སྒྲིགས་བྱེད་མཁན་ཚོས་ཕེ་རན་སིའི་གསར་ལས་ཁང་ལ་དེ་རིང་གསུངས་འདུག རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་རྒྱ་ཧན་མི་རིགས་དང་ས་གནས་ཡུ་གུར་མི་རིགས་གཉིས་དབར་ཟིང་འཁྲུག་བྱུང་བ་དེ་ནི་ར་སྦི་ཡ་ཀ་རྡིར་ཡིས་བརྒྱུད་སྐུལ་བྱས་ཚུལ་ནག་ཉེས་བཙུགས་ཡོད་པ་རེད། ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཤུང་ནང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁང་ཁག་གིས་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཀའོ་ཤུང་ནང་མ་ཡོང་བར་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྙོག་དྲ་བཤད་པར་དང་ཐོག་གློག་བརྙན་དེ་སྟོན་རྒྱུ་ཕྱིར་འཐེན་བྱས་ཀྱང་ཐའེ་ལྦན་གཞུང་གི་ལྕམ་ར་སྦི་ཡ་ཀ་རྡིར་གླིང་ཕྲན་དེའི་ནང་ཕེབས་འཐུས་ཆོག་པའི་ཐོངས་མཆན་ལག་ཁྱེར་མ་ཕུལ་བར་བཀག་འགོག་བྱས་པའི་ཉིན་ཤས་རྗེས་སུ་ཡང་བསྐྱར་ཁོང་གི་སྐོར་གྱི་གློག་བརྙན་དེ་དུས་ཆེན་དེའི་ནང་སྟོན་རྒྱུའི་ཐག་གཅོད་བྱས་འདུག ཡང་ཐའེ་ལྦན་གཞུང་གིས་ལྕམ་ར་སྦི་ཡ་ཀ་རྡིར་གླིང་ཕྲན་དེའི་ནང་ཕེབས་མ་བཅུག་སྟབས་རྒྱ་ནག་གཞུང་གིས་ཟླ་བ་འདིའི་ནང་ཐའེ་ལྦན་མཉམ་དུ་དཔལ་འབྱོར་གྲོས་མཐུན་གལ་ཆེ་ཞིག་ལ་ས་རྟགས་རྒྱབ་ནས་ཐའེ་ལྦན་ལ་བྱ་དགའ་སྤྲོད་འཆར་ཡོད་པའི་གནས་ཚུལ་ཡང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎