༸གོང་ས་མཆོག་ཐའེ་ལྦན་དུ་མཛད་འཆར་སྐོར།

༸གོང་ས་མཆོག་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་གི་ཆབ་སྲིད་དཔོན་རིགས་རྣམས་ཀྱིས་མཇལ་འཕྲད་གནང་འཆར་མེད་པའི་གནས་ཚུལ།

2009.08.31

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཉིན་གྲངས་ལྔའི་མཛད་རིམ་ནང་གཞུང་འཛིན་གོ་མིང་ཏང་གི་ཆབ་སྲིད་དཔོན་རིགས་རྣམས་ཀྱིས་མཇལ་འཕྲད་གནང་འཆར་མེད་པའི་གནས་ཚུལ་ཐོན་འདུག

ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་གཞུང་གི་སྲིད་འཛིན་མ་དབྱིང་ཇུ་མཆོག་དང་སྲིད་འཛིན་གཞོན་པ་ལྦེན་སེན་སུ།སྲིད་བློན་ལིའུ་ཁྲའོ་ཤོན་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ལྦང་ཅན་ཕིང་དང་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་ལྦུ་ཕོ་ཤུང་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་པའི་སྐོར་གཞུང་གི་མགྲིན་ཚབ་པ་ལྦང་ཡུ་ཁྲིས་ཨེ་པི་གསར་སྤེལ་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཕེབས་པའི་གནད་དོན་ཐོག་རྒྱ་ནག་གིས་ཁོང་ཁྲོའི་གཏམ་བཤད་ཐེངས་གཉིས་བྱས་ཡོད་པ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་དུ་ཞབས་སོར་འཁོད་གྲུབ་པའི་སྐབས་སུ་ཡང་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་དཔོན་རིགས་ལི་ཡ་ཕེ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཕེབས་པ་དེས་ཐའེ་ལྦན་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཐོག་ཤུགས་རྐྱེན་ངན་པ་ཡོང་རྒྱུ་ངེས་པ་ཡིན་པ་དང་འབྱུང་འགྱུར་གྱི་འཕེལ་རིམ་ཐོག་ཞིབ་རྟོགས་ནན་པོ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཞབས་སོར་འཁོད་མ་ཐག་ཏུ་གསར་འགོད་པར་ཁོང་གི་མཛད་འཆར་གྱི་ཐོག་ནས་སུ་ལ་ཡང་མཛད་དཀའ་དང་མི་བདེ་བ་བཟོ་རྒྱུའི་ཐུགས་དགོངས་མེད་པ་གསལ་པོ་བཀའ་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎