ཐེ་དབན་སྲིད་འཛིན་གྱིས་ཕྱོཌ་འགལ་ཚོཌ་པའི་སྐྱོན་བརྗོད་ལ་ལན།

ཐེ་དབན་རྒྱ་ནག་གི་གཡོ་ཇུས་འོག་ལ་ཚུད་འགྲོ་གི་ཡོད་པའི་སྐྱོན་བརྗོད་ཡོང་གི་ཡོད་པ་དེར་སྲིད་འཛིན་མའ་དབྱིང་ཅོས་ངོས་ལེན་གནང་མེད་པ་རེད།

2011.03.08

༄༅༎ཐེ་དབན་རང་བཙན་འདོད་མཁན་ཚོས་ཐེ་དབན་གྱི་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་འབྲེལ་ལམ་ཉེ་དྲག་པའི་སྲིད་ཇུས་འཛིན་ཏེ་ཐེ་དབན་རྒྱ་ནག་གི་གཡོ་ཇུས་འོག་ལ་ཚུད་འགྲོ་གི་ཡོད་པའི་སྐྱོན་བརྗོད་ཡོང་གི་ཡོད་པ་དེར་ཁོང་གིས་ངོས་ལེན་གནང་མེད་པ་རེད།

དེ་ཡང་སྲིད་འཛིན་མའ་དབྱིང་ཅོ་ཡིས་དཔལ་འབྱོར་དུས་དེབ་ལས་ཁང་གི་བཅར་དྲིར་དང་ལེན་གནང་སྐབས། ཐེ་དབན་རང་བཙན་གྱི་འདོད་ཕྱོགས་འཛིན་མཁན་དམངས་གཙོ་ཡར་རྒྱས་ཚོགས་པས། སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་ཚོང་འབྲེལ་གྱི་འབྲེལ་ལམ་ཉེ་རུ་བཏང་སྟེ། ཐེ་དབན་གྱི་མ་འོངས་པའི་མདུན་ལམ་ལ་འགོག་རྐྱེན་བཟོ་བཞིན་པའི་སྐྱོན་བརྗོད་བྱེད་པ་དེ་ནི་མཐའ་ཅིག་ཏུ་ངོས་ལེན་མེད་ཅེས་གསུངས་པ་མ་ཟད། ཁོང་གི་གཞི་རྩའི་སྲིད་ཇུས་ལ་འགྱུར་བ་མེད་པར། ཐེ་དབན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུ་མིན་ལ། རང་བཙན་བྱ་འདོད་མེད་པ་མ་ཟད། བཙན་པོ་དབང་ཤེད་བྱ་འདོད་མེད་པའི་སྲིད་ཇུས་ནི་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད། འོན་ཀྱང་གལ་འགངས་ཆེ་ཤོས་ནི། མཚོ་ཁག་གཉིས་དབར་དུ་འཁོན་འཁྲུགས་ཡོང་གཞི་དེ་ཞི་འཇམ་དུ་གཏོང་རྒྱུ་དེ་ཡིན་ལ། ཐེ་དབན་དེ་ནི་རྒྱ་ནག་ནས་མཐའ་གཅིག་ཏུ་རང་བཙན་ཡོང་རྒྱུར་འདོད་པ་མེད་ཅེས་གསུངས་ཡོད་པ་རེད།

སྲིད་འཛིན་མའ་དབྱིང་ཅོ་ཡིས་༢༠༠༨ལོའི་ཐེ་དབན་གྱི་གཞུང་འཛིན་གྱི་ཐུགས་འགན་བཞེས་ཏེ། ཐེ་དབན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་གནང་སྟེ་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་བཙུགས་པ་མ་ཟད། ཐེ་དབན་དང་རྒྱ་ནག་དབར་ལ་ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུ་སོགས་ཚོང་འབྲེལ་གྱི་གཞི་ཡུལ་མང་པོ་ཞིག་མཉམ་ལས་བྱ་རྒྱུའི་གྲོས་འཆམ་ཀྱང་བྱུང་ཡོད་པ་རེད། འོན་ཀྱང་རྒྱ་ནག་ཕྱོགས་ནས་ཐེ་དབན་རྒྱ་ནག་གི་མངའ་འོག་ས་ཁུལ་ཡིན་པ་དེ་རྒྱ་ནག་དང་ཆིག་སྒྲིལ་བྱ་རྒྱུ་དང༌། གལ་ཏེ་དགོས་ངེས་བྱུང་ན་དྲག་པོའི་དབང་ཤུགས་བེད་སྤྱད་དེ་ཆིག་སྒྲིལ་བཟོ་རྒྱུའི་སྲིད་ཇུས་ལ་འགྱུར་བ་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎