ཐེ་བན་གྱིས་ཨ་རིའི་དམག་གི་གྲུས་གཟིངས་བཞི་ཉོ་འཆར།
2012.04.22
༄༅༎ཐེ་ཌན་གཞུང་གིས་རང་ཉིད་ཀྱི་རྒྱལ་ནང་གི་དམག་དོན་དེང་རབས་ཅན་དུ་འགྱུར་ཐབས་དང་རྒྱ་ནག་གི་དྲག་པོའི་འཇིགས་སྐུལ་ལ་གདོང་ལེན་བྱ་རྒྱུར་དམིགས་ཏེ་ཨ་མེ་རི་ཀ་ནས་དམག་གི་གྲུ་གཟིངས་བཞི་ཉོ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་ཤག
ཐེ་བན་གྱི་སྲུང་སྐྱོབ་བློན་ཆེན་གྱིས་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ཁོང་དང་ཐེ་བན་གྱི་སྲིད་འཛིན་Ma Ying-Jeou ལྷན་འཛོམས་སྐབས་ཐེ་བན་གྱི་གོ་མཚོན་ཉོ་གྲུབ་བྱ་རྒྱུའི་གནད་དོན་སྙན་གསེང་ཞུས་པ་མ་ཟད། ཐེ་བན་ཕྱོགས་ནས་༢༠༡༣་ལོའི་སྔོན་རྩིས་ཀྱང་ཟུར་འཇོག་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་ཐེ་བན་གྱི་ཉིན་རེའི་ཚགས་པར་United Daily News ཞེས་པའི་ཐོག་ལུང་འདྲེན་བྱས་ཡོད་ཀྱང་ཐེ་བན་སྲུང་སྐྱོབ་ལྷན་ཁང་གིས་གསར་ཤོག་དེའི་ཐོག་ཐོན་པའི་གནས་ཚུལ་གྱི་ཐོག་ལ་འདི་བྱས་དེ་མིན་གྱི་གསལ་བཤད་ཀྱང་གང་ཡང་གནང་མེད་པ་རེད།།