ཁྲན་ཞུའེ་བན་ལ་ཉེས་པ་བཅད་མཁན་ཁྲིམས་དཔོན་ལ་ཉེན་བརྡ།

ཐའེ་ལྦན་ནང་སྲིད་འཛིན་ཟུར་པ་ཁྲན་ཞུའེ་བེན་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་མཁན་ཁྲིམས་དཔོན་གསུམ་ལ་སྲུང་སྐྱོབ་དམ་དུ་བཏང་ཡོད་པ།

2009.09.13

༄༅༎ཐའེ་ལྦན་ནང་སྲིད་འཛིན་ཟུར་པ་ཁྲན་ཞུའེ་བེན་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་མཁན་ཁྲིམས་དཔོན་གསུམ་ལ་སྲོག་སྐྱོན་གཏོང་རྒྱུའི་ཉེན་བརྡ་འབྱོར་བའི་རྗེས་སུ་ཁོང་གསུམ་གྱི་སྲུང་སྐྱོབ་དམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཐའེ་ལྦན་གྱི་བརྙན་འཕྲིན་ཁག་གིས་རེས་གཟའ་ཉི་མའི་ཉིན་ཁྲིམས་དཔོན་ཙའི་ཤོའུ་ཞུན་གྱི་གཟིམ་ཤག་གི་ཕྱི་རོལ་དུ་གོ་མཚོན་ལག་ཆ་ཐོགས་པའི་ཉེན་སྲུང་དམག་མི་གཉིས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཏོན་ཡོད་འདུག ཙའི་དབུས་པའི་ཁྲིམས་དཔོན་གསུམ་གྱིས་སྲིད་འཛིན་ཟུར་པ་ཁྲན་ཞུའེ་བེན་དང་བསྙུན་གཞི་བཞེས་པའི་སྐུ་ཟླ་ལྦུ་ཤུ་ཁྲན་གཉིས་ཀར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་སྟེ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དེས་སྲིད་འཛིན་ཟུར་པར་རྒྱབ་བསྐྱོར་གནང་མཁན་མི་མང་ཚོ་ཁོང་ཁྲོ་བླངས་ཡོད་འདུག སྲིད་འཛིན་ཟུར་པ་ཁྲན་ཞུའེ་བེན་མཆོག་གིས་ལོ་བརྒྱད་རིང་གཞུང་འཛིན་གནང་བའི་རིང་ཐའེ་ལྦན་རང་བཙན་གྱི་འཐབ་རྩོད་གནང་ཡོད་པར་བརྟེན་ད་ལྟའི་གོ་མིང་ཏང་གཞུང་འཛིན་ཚོགས་པས་རྒྱ་ནག་གི་ཤུགས་གནོན་འོག་སྲིད་འཛིན་ཟུར་པར་སྡང་སེམས་བཅངས་ནས་སྲིད་འཛིན་ཟུར་པའི་ནང་མིས་ལྐོག་ཟ་རུལ་སུངས་བྱས་པར་ཁ་གཡོག་གིས་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎