དམར་ཤོག་ལ་འགོག་རྒོལ་སྐབས་རྐྱེན་འདས་སུ་གྱུར་བར་དགོངས་སེལ།

ཐའེ་ལྦན་གྱི་སྲིད་འཛིན་ནས་དེ་སྔ་དམར་ཤོག་ལ་འགོག་རྒོལ་གྱི་ལས་འགུལ་ནང་རྐྱེན་འདས་སུ་གྱུར་བའི་མི་སྣ་ཚོར་དགོངས་སེལ་ཞུས་འདུག

2008.07.16

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཅུ་མཆོག་གིས་དེ་སྔ་གོ་མིན་ཏང་གི་ཐའེ་ལྦན་གྱི་སྲིད་དབང་ཟིན་པའི་སྐབས་སྤེལ་བའི་དམར་ཤོག་ལ་འགོག་རྒོལ་གྱི་ལས་འགུལ་ནང་རྐྱེན་འདས་སུ་གྱུར་བ་དང་སྡུག་སྦྱོང་མྱོང་བའི་མི་སྣ་ཚོར་དགོངས་སེལ་ཞུས་ཡོད་པ་རེད་

དེ་རིང་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་མ་དབྱིང་ཅུ་མཆོག་སྐུ་སྒེར་གྱི་ངོས་ནས་ཐའེ་ལྦན་གྱི་སྤྱི་གླིང་ཞིག་ནང་དྲན་རྟེན་གྱི་ལྷན་ཚོགས་ཞེས་པ་ཞིག་སྐོངས་ཚོགས་གནང་བའི་ཐོག་དེ་སྔ་ཅང་ཀེ་ཤེས་ཐའེ་ལྦན་གོ་མིང་ཏང་སྲིད་གཞུང་ཟིན་པའི་སྐབས་དམར་ཤོག་ལ་འགོག་རྒོལ་ཞེས་པའི་ལས་འགུལ་ནང་ཐའེ་ལྦན་མི་སེར་ཆིག་ཁྲི་བཞི་སྟོང་ལྷག་ཙམ་རྐྱེན་འདས་སུ་གྱུར་བ་རྣམས་དང་དེ་བཞིན་སྡུག་སྦྱོང་འོག་མྱང་བའི་ཐའེ་ལྦན་གྱི་མི་མང་ཚོར་དགོངས་སེལ་ཞུས་གནང་ཡོད་པ་རེད་

སྲིད་འཛིན་མ་དབྱིང་ཅུ་མཆོག་གིས་ཐའེ་ལྦན་གཞུང་གི་སྐུ་ཚབ་ཀྱི་ངོས་ནས་གོང་ཞུས་ཀྱི་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་གྱུར་བི་མི་མང་དང་དེ་བཞིན་སྡུག་སྦྱོང་མྱང་བའི་མི་མང་ཚོར་དགོངས་སེལ་ཞུས་གནང་བ་དང་དེ་བཞིན་མ་འོངས་པར་གནས་ཚུལ་དེ་རིགས་ནམ་ཡང་མི་ཡོང་བའི་རེ་བ་གནང་གི་ཡོད་ཅེས་གསུངས་གནང་བ་སོགས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ནང་སྤེལ་ཡོད་པ་རེད་ དེ་སྔ་ཐའེ་ལྦན་གོ་མིང་ཏང་ཅང་ཀེ་ཤེས་ཐའེ་ལྦན་གྱི་སྲིད་དབང་བཟུང་བའི་སྐབས་ཕྱི་ལོ་༡༩༥༠ལོ་ནས་༡༩༦༠ལོའི་བར་དམར་ཤོག་ལ་འགོག་རྒོལ་དང་མང་གཙོ་ལ་ངོ་རྒོལ་ ཐའེ་ལྦན་རྒྱ་ནག་ནས་རང་དབང་ཞེས་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་ཅང་ཡིས་སྒེར་གཅོད་རིང་ལུགས་ཀྱི་དབང་ཆ་ལམ་ལུགས་འཛིན་རྒྱུའི་ཐབས་ལམ་འོག་ཐའེ་ལྦན་གྱི་མི་སེར་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་སོགས་ཀྱི་གནད་དོན་ཐད་ད་ལྟའི་སྲིད་འཛིན་མ་དབྱིང་ཅུ་ཡིས་ཐའེ་ལྦན་མི་མང་ལ་དགོངས་སེལ་ཞུས་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎