༸གོང་ས་མཆོག་གདན་ཞུར་བརྟེན་ཐའེ་ལྦན་སྲིད་འཛིན་ལ་ངོ་རྒོལ།

ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་གི་མི་མང་ཁག་ཅིག་གིས་སྲིད་འཛིན་མཱ་ཡིང་ཇུ་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པའི་གནས་ཚུལ་འདུག

2009.10.18

༄༅༎ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཞུང་ནང་ཉེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་གཡོལ་གྱི་ཡོད་སྟབས་ད་ཆ་མི་མང་ཚོས་སྲིད་འཛིན་མཱ་ཡིང་ཇུ་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་སྤེན་པའི་ཉིན་སྲིད་འཛིན་མཱ་ཡིང་ཇུ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེར་ཕེབས་སྐབས་ཡུལ་མི་བཅུ་ཕྲག་ཁ་ཤས་ཀྱིས་ཁྲོམ་གཞུང་དུ་སྲིད་འཛིན་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད་མི་གཅིག་གིས་ཚོན་ཁྲའི་ཤེལ་དམ་གཅིག་སྲིད་འཛིན་ལ་ཞུ་ཐབས་བྱེད་སྐབས་འཛིན་བཟུང་བྱས་ཡོད་པ་བརྙན་འཕྲིན་ཐོག་བསྟན་ཡོད་འདུག ཟླ་བ་གཅིག་གོང་ཐའེ་ལྦན་ནང་འབྱུང་བའི་རྐྱེན་ངན་འཕྲད་སྐབས་ས་གནས་ཀྱི་དཔོན་རིགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་བའི་རྗེས་སུ་རྒྱ་ནག་གཞུང་གི་ལམ་སྟོན་འོག་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་གྲོང་ཁྱེར་དེར་ཡོང་མི་དགོས་པ་གཙོ་དོན་བྱས་ཡོད་ལུགས་གྲོང་ཁྱེར་གྱི་མགྲོན་ཁང་གི་བདག་པོ་དང་ཚོང་པ་ཚོས་རང་གཞུང་ལ་ཞུ་གཏུགས་བྱས་ཡོད་འདུག ཡང་གྲོང་ཁྱེར་དེས་ཕྱི་ཟླ་བདུན་པའི་ནང་ཤར་ཏུརྐི་སྟཱན་གྱི་རང་དབང་འཐབ་རྩོད་པ་རཱ་སྦི་ཡ་ཀ་རྡིར་གྱི་ལོ་རྒྱུས་ཀྱི་གློག་བརྙན་བསྟན་པ་དེས་ཀྱང་རྒྱ་ནག་གཞུང་ཁོང་ཁྲོ་བསླངས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཀའོ་ཞུང་གྲོང་ཁྱེར་ནི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ལྟེ་གནས་ཤིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎