ཐའེ་ལྦན་གྱི་སྲིད་འཛིན་རྒྱལ་ཁབ་དྲུག་ནང་འཚམས་གཟིགས།
2010.03.21
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མ་ཡིན་ཇུ་ཞི་བདེ་རྒྱ་མཚོའམ་པེསིཕིཀ་མཚོ་གླིང་གི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་དྲུག་ནང་མཚམས་འདྲིའི་གཟིགས་སྐོར་གནང་གཏན་འཁེལ་ཡོད་འདུག
དེ་རིང་རེས་གཟའ་ཉི་མ་ནས་དབུ་འཛུགས་ཀྱིས་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་མཚོག་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་མར་ཤེལ་ཨའེ་ལེནཌི་དང་ཀི་རི་བ་ཏི་ ཏུ་ལྦ་ལུ་ ནའི་རུ་ སོལོ་མོན་ཨའེ་ལེནཌི་དང་པ་ལའུ་བཅས་དྲུག་ནང་མཚམས་འདྲིའི་གཟིགས་གནང་རྗེས་རེས་གཟའ་སྤེན་པའི་ཉིན་ཕྱིར་ལོག་གནང་གི་ཡོད་འདུག མཚོ་གླིང་གི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་གི་ཚབ་ཏུ་ཐའེ་ཝན་ངོས་འཛིན་གནང་གི་ཡོད་པ་ལྟར་གཟིགས་སྐོར་འདིའི་རིང་ཕན་ཚུན་གྱི་མཛའ་འབྲེལ་གོང་མཐོར་སྤེལ་རྒྱུ་དང་ལྷག་དོན་དུ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀལ་ངལ་དང་དཔལ་འབྱོར་གྱི་འབྲེལ་ལམ་ཐད་བཀའ་བསྡུར་གནང་རྒྱུ་ཡིན་འདུག་ ད་ལྟའི་སྐབས་སུ་ ལེཊིན་ ཨ་མི་རིཀ་དང་ ཨཕ་རི་ཀ་ པེསི་ཕིཀ་བཅས་ཀྱི་རྒྱལ་ཁབ་༢༣གྱིས་ད་དུང་རྒྱ་ནག་གི་ཚབ་ཏུ་ཐའེ་ཝན་ངོས་འཛིན་གནང་བཞིན་པ་རེད་ འོན་ཀྱང་མང་ཆེ་བས་རྒྱ་ནག་གི་གནོན་ཤུག་འོག་རྒྱ་ནག་མ་གཏོགས་ཐའེ་ལྦན་ངོས་འཛིན་བྱེད་ཀྱི་མེད་པ་རེད༎