ཐའེ་ལྦན་དེ་རྒྱ་ནག་གི་ཞིང་ཆེན་དུ་རྩིས་པར་ངོ་རྒོལ།

ཐའེ་ལྦན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་རྩིས་པར་ངོ་རྒོལ་བྱས་འདུག

2011.05.18

༄༅༎ཐའེ་ལྦན་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་རྩིས་པར་ངོ་རྒོལ་བྱས་ཡོད་པ་རེད་

གཟའ་མིག་དམར་ཉིན་ཐའེ་ལྦན་འཕྲོད་བསྟེན་ལས་ཁང་གི་བློན་ཆེན་ཆའུ་འོན་དའ་ཡི་མཚན་ཐོག་ནས་ཡི་གེ་ཞིག་ཕྱིར་བསྒྲགས་གནང་བའི་ནང་  ཇི་ནི་ལྦའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་མིང་ཐོག་ཏུ་འཕྲོད་བསྟེན་ལྷན་ཁང་གིས་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་ཐའེ་ལྦན་ཞིང་ཆེན་ཞེས་མིང་འབོད་བྱས་པ་དེ་ནི་ཐའེ་ལྦན་ཕྱོགས་ནས་ཁས་རྩ་བ་ནས་ལེན་ཐབས་མེད་པ་འཁོད་ཡོད་པ་རེད་     འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་དེའི་གོང་འཕྲོད་བསྟེན་ལྷན་ཁང་གི་ལྷན་ཚོགས་སྐབས་ཐའེ་ལྦན་དེ་བཞིན་རྒྱ་ནག་ཐེའེ་བད་ཅེས་འབོད་ཀྱི་ཡོད་པ་དེར་ཐའེ་ལྦན་གྱིས་ཁས་ལེན་བྱེད་ཀྱི་ཡོད་པ་རེད་ ཐའེ་ལྦན་དང་རྒྱ་ནག་དབར་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་གྱི་སྲིད་དབང་འཛིན་པའི་རྗེས་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་བའི་རྗེས་ཕྱི་ལོ་ཉིས་སྟོང་དགུ་ལོར་ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཐག་གཅོད་བྱེད་མཁན་ལས་ཁང་གི་ལྟ་ཞིབ་པའི་ཚོགས་མིའི་གྲས་སུ་ཞུགས་ཐུབ་ཡོད་པ་དང་ ཡིན་ནའི་ཐའེ་ལྦན་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ལྷན་ཚོགས་ཐོག་ལྟ་ཞིབ་པའི་མིང་ཐོག་ནས་ཚོགས་ཞུགས་བྱེད་པའི་སྐབས་རྒྱ་ནག་ཐེའེ་བད་ཅེས་འབོད་ནས་ཚོགས་ཞུགས་བྱེད་ཀྱི་ཡོད་ཅིང་ ད་ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཐོག་འཕྲོད་བསྟེན་ལྷན་ཁང་གིས་ཐའེ་ལྦན་དེ་བཞིན་ རྒྱ་ནག་གི་ཐའེ་ལྦན་ཞིང་ཆེན་ཞེས་མིང་འབོད་བྱས་ཡོད་པར་ ཐའེ་ལྦན་གྱི་སྲིད་འཛིན་གྱིས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་རེད་ལ་ ཐའེ་ལྦན་ནང་ལ་ཡང་དེར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་མཁན་ཤུགས་ཆེ་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎