ཨ་རིས་ཐེ་ལྦན་ལ་ཉེན་བརྡ་སྔོན་གཏོང་གནམ་གྲུ་གཉིས་མཁོ་སྤྲོད།
2011.12.18
༄༅༎ཐེ་ལྦན་གྱི་མཁའ་དམག་གིས་ཨ་མི་རི་ཀས་ནས་ཉེན་བརྡ་སྔོན་གཏོང་གི་མཁའ་དམག་གི་གནམ་གྲུ་བསྐྱར་སྒྲིག་བྱས་པ་གཉིས་ཕྱིར་ལེན་བྱས་ཡོད་འདུག།
ཉེནབརྡ་སྔོན་གཏོང་གི་མཁའ་དམག་གི་གནམ་གྲུ་ཨི་༢ཀེའམ་(E-2K) རྟགས་ཅན་བཞི་སྔ་ལོ་ཨ་རིར་བསྐྱར་སྒྲིག་ཆེད་བཏང་བ་ཚང་མ་ལྷོ་ཕྱོགས་ཀོའོ་ཧྲིང་(Kaohsiung) དུ་ཕྱིར་སློག་བྱས་ཡོད་འདུག། ཕྱི་ལོ་༡༩༩༥ལོར་ཐེ་ལྦན་གྱིས་ཨ་མི་རི་ཀ་ནས་མཁའ་དམག་གི་གནམ་གྲུ་ཨི་༢ཊི་ཨེསེ་(E-2K)རྟགས་ཅན་དང༌། ཕྱི་ལོ་༢༠༠༦་ལོར་ གེརེ་མན་ ཧོའོ་ཀེའི་(Gramman Hawkeye)ཞེས་པ་སྤུས་ཀ་ལེགས་སུ་བཏང་བ་ ཨི་༢ཀེ་(E-2K) རྟགས་ཅན་གཉིས་མཁོ་གྲུབ་བྱས་ཡོད་འདུག། ཕྱི་ལོ་༢༠༠༨ལོར་ཨ་མི་རི་ཀས་ཐེ་ལྦན་ལ་ཨ་རིའི་ཌ་ལར་ཐེར་འབུམ་དྲུག་དང་ཕྱེད་མ་མ་གནས་ཀྱིས་གོ་མཚོན་གྱི་ཚོང་འབྲེལ་ཆིངས་དོན་འོག་གོང་ཞུས་གནམ་གྲུ་གཉིས་བསྐྱར་སྒྲིག་ཆེད་ཟླ་བ་སྔོན་མ་ཨ་རིར་བཏང་ཡོད་འདུག།