རྒྱ་ནག་གི་མཁའ་དམག་གནམ་གྲུ་མང་པོ་ཞིག་ཐེ་ཝན་གྱི་མཁའ་དབྱིངས་ཁྱབ་ཁོངས་སུ་གློ་བུར་བཙན་འཛུལ་བྱས་པ།

2022.12.26
རྒྱ་ནག་གི་མཁའ་དམག་གནམ་གྲུ་མང་པོ་ཞིག་ཐེ་ཝན་གྱི་མཁའ་དབྱིངས་ཁྱབ་ཁོངས་སུ་གློ་བུར་བཙན་འཛུལ་བྱས་པ།
ཨེ་པི།

དེ་ཡང་རྒྱ་ནག་གི་འཁྲུག་འཛིངས་གནམ་གྲུ་Jet  དང་མི་མེད་འཕྲུལ་ཆས་Drone ཟེར་བ་སོགས་གཙོས་པའི་གྲངས་བདུན་ཅུ་དོན་གཅིག་གིས་འདས་པའི་ཆུ་ཚོད་༢༤ནང་ཐེ་ཝན་གྱི་མཁའ་དབྱིངས་ངོས་བཟུང་སྲུང་སྐྱོབ་ས་ཁོངས་སུ་བཙན་འཛུལ་བྱས་ཡོད་པའི་སྐོར་ཕྱི་ཟླ་༡༢་པའི་ཚེས་༢༦་རེས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་གཞུང་གིས་གསུངས་འདུག རྒྱ་ནག་གཞུང་གིས་ཐེ་ཝན་གི་མཁའ་དབྱིངས་སུ་མཁའ་དམག་གནམ་གྲུ་མང་ཤོས་དེ་ད་རེས་བཏང་ཡོད་པའི་སྐོར་རོཡེ་ཀྲར་གསར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ད་དུང་གནས་ཚུལ་དེའི་ནང་། ཐེ་ཝན་ཐོག་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་བྱ་སྤྱོད་ནང་རྒྱ་ནག་གི་མཁའ་དམག་གནམ་གྲུ་༤༣ ཡིས་ཐེ་ཝན་མཚོ་འགག་གི་དབུས་དྲང་ཐིག་ནས་བགྲོལ་ཏེ་འཕུར་བསྐྱོད་བྱས་ཤིང་། ཐེ་ཝན་མཚོ་འགག་ཕན་ཚུན་གྱི་ས་ཁོངས་དབྱེ་བའི་དབུས་ཀྱི་དྲང་ཐིག་དེ་ནི་རྒྱ་ནག་དང་ཐེ་ཝན་དབར་གཞུང་འབྲེལ་མིན་པའི་ཐོག་ནས་ས་ཁོངས་དབྱེ་མཚམས་ཞིག་ཡིན་པ་དང་། དེ་ནི་ས་ཁོངས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་ཡོད་པའི་སྐོར་ཐེ་ཝན་གྱི་སྲུང་སྐྱོབ་ལྷན་ཁང་གི་གསལ་བསྒྲགས་ནང་གསུངས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ས་ཁུལ་ཡིན་པའི་རྒྱ་ནག་གི་བདག་དབང་ཡོད་ལུགས་བརྗོད་བཞིན་པ་ལྟར་ཐེ་ཝན་གྱི་ས་ཁོངས་ཉེ་སར་མུ་མཐུད་ནས་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད་འདུག
ཐེ་ཝན་གྱི་གཞུང་འབྲེལ་དབུས་གསར་འགྱུར་ལས་ཁང་གིས་། རྒྱ་ནག་གི་མཁའ་དམག་གཞི་ཁྱོན་ཆེན་པོས་ཐེ་ཝན་ཐོག་འཇིགས་སྐུལ་བྱས་པ་ནི་ད་བར་གྱི་འཇིགས་སྐུལ་ཆེ་ཤོས་ཡིན་པ་དང་།་འོན་ཀྱང་ཐེ་ཝན་ཕྱོགས་ནས་རྒྱ་ནག་གི་བྱ་སྤྱོད་དེར་ཉེན་བརྡ་གང་ཡང་བཏང་མེད་པ་དང་། རྒྱ་ནག་གི་ཕྱོགས་ནས་ཉེ་བའི་ལོ་ཤས་ནང་ཐེ་ཝན་གྱི་ཐོག་ལ་གནོན་ཤུགས་ཇེ་ཆེར་གཏོང་བཞིན་པའི་བྱ་སྤྱོད་ཐེ་དབན་གཞུང་ལ་གནས་སྟངས་ཇེ་གསལ་དུ་འགྲོ་བཞིན་ཡོད་པའི་སྐོར་བཀོད་འདུག
ཐེ་ཝན་གྱི་སྲིད་འཛིན་ལྕམ་Tsai Ing-Wen མཆོག་གིས་རེས་གཟའ་ཟླ་བའི་སྔ་དྲོ་དམག་དོན་གྱི་མཛད་སྒོ་ཞིག་གི་ཐོག་ལ་།་ཐེ་ཝན་གྱི་ཐོག་དང་དབང་འགྱུར་རིང་ལུགས་བྱ་སྤྱོད་མུ་མཐུད་ནས་ཤུགས་ཆེ་རུ་གཏོང་བཞིན་པར་བརྟེན་ནས་།་ཐེ་ཝན་གྱི་སྲུང་སྐྱོབ་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་ངེས་ཡིན་སྐོར་གསུངས་ཡོད་པ་ལས་ད་རེས་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཁྱོན་ཆེན་པོས་ཐེ་ཝན་གྱི་མཁའ་དབྱིངས་ས་ཁོངས་སུ་འཕུར་བསྐྱོད་ཀྱི་གློ་བུར་བཙན་འཛུལ་གྱི་བྱས་པའི་བྱ་སྤྱོད་སྐོར་གང་ཡང་གསུངས་མེད་པ་རེད་འདུག
སྲིད་འཛིན་ལྕམ་Tsai Ing-Wen མཆོག་གིས་གོང་ཞུས་མཛད་སྒོའི་ཐོག་ཕེབས་པའི་དམག་མི་དཔོན་རིགས་ཚོར་གསུང་དོན། ང་ཚོའི་ངོས་ནས་ཇི་ཙམ་གྱིས་གྲ་སྒྲིག་མང་བ་བྱས་པ་ཡིན་ན།དེ་ཙམ་གྱིས་བཙན་འཛུལ་བྱེད་ཤུགས་ཆུང་དུ་འགྲོ་སྲིད་པ་དང། ང་ཚོས་ཆིག་བསྒྲིལ་གྱི་ནུས་པ་ཇི་ཙམ་གོང་འཕེལ་གཏོང་ཐུབ་པ་ཡིན་ན།དེ་ཙམ་གྱིས་ཐེ་ཝན་དེ་ནུས་ཤུགས་ཆེ་བ་དང་ཉེན་ཁ་མེད་པ་ཆག་གི་རེད་ཅེས་གསུངས་བཞག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎