ཐའེ་ལྦན་གྱིས་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་ལས་འཆར།

ཐའེ་ལྦན་གཞུང་གིས་འཕྲུལ་རིག་ཡར་རྒྱས་ཅན་གྱི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱ་རྒྱུའི་ལས་དོན་ཞིབ་འཇུག་བྱེད་མུས་ཡིན་པ་གསུངས་འདུག

2010.03.30

༄༅༎ཐའེ་ལྦན་གཞུང་གིས། འཕྲུལ་རིག་ཡར་རྒྱས་ཅན་གྱི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱ་རྒྱུའི་ལས་དོན་ཞིབ་འཇུག་བྱེད་མུས་ཡིན་པ་དང། ལས་གཞི་དེ་ནི་དམག་དོན་ནུས་སྟོབས་ཡར་རྒྱས་བཏང་སྟེ་རྒྱལ་ཁབ་ཀྱི་ཞི་བདེ་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་ཡིན་པ་གསུང་གི་ཡོད་པ་རེད།

ཐའེ་ལྦན་ཕྱོགས་ནས་རང་ཉིད་ཀྱི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱེད་པའི་ལས་གཞི་དེ་ནི། ཐའེ་ལྦན་གྱི་ཞི་བདེ་སྲུང་སྐྱོབ་ལ་དམིགས་ཏེ། ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱེད་མཁན་གཙོ་བོ་ཨ་མི་རི་ཀ་ཡིན་ནའང་རྒྱ་ནག་སྐམ་ས་ཆེན་པོས་ཨ་མི་རི་ཀར་ཚོང་འབྲེལ་དང་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་དེ། ཐའེ་ལྦན་ལ་གོ་མཚོན་ཚོང་འགྱུར་བྱེད་པར་འགོག་རྐྱེན་བཟོ་གི་ཡོད་པར་བརྟེན་ནས་རང་ཉིད་ཀྱི་འཕྲུལ་རིག་ལག་རྩལ་གོང་མཐོར་གཏོང་རྒྱུ་ནི་མེད་དུ་མི་རུང་བའི་ཐབས་ལམ་ཞིག་ཡིན་པ་ངོས་འཛེན་བྱེད་ཀྱི་ཡོད་ཅིང། ཐའེ་ལྦན་གྱི་སྲུང་སྐྱོབ་བློན་ཆེན་ཨེན་ཌི་རུ་ཡང་གིས། རོའུ་ཀྲར་གསར་འགྱུར་ལས་ཁང་ལ་གསུང་དོན། ང་ཚོ་ཐའེ་ལྦན་གྱིས་འཕྲུལ་རིག་ཡར་ཐོན་ཅན་གྱི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱེད་པའི་སེམས་ཤུགས་དང་ནུས་པ་ཡོད་པ་དང། མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱ་རྒྱུའི་ཞིབ་འཇུག་བྱེད་མུས་ཡིན་པ་དང། དེ་ཡང་ང་ཚོས་ཐའེ་ལྦན་སྲུང་སྐྱོབ་སྲ་བརྟན་ཐུབ་པའི་མེ་ཤུགས་འཕུར་མདེལ་ནུས་པ་ལྡན་པ་ཞིག་བཟོ་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།

ཐའེ་ལྦན་གྱི་སྲུང་སྐྱོབ་ཐོག་ལ་དབྱེ་ཞིབ་གནང་མཁན་ཞིག། ཐའེ་ལྦན་ཕྱོགས་ནས་རྒྱལ་ནང་དུ་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱེད་མུས་ཡིན་པ་དང། བཟོ་སྐྲུན་གྱི་ལས་གཞི་དེ་ནི་ན་ནིང་ནས་འགོ་བཙུགས་ཟིན་པའི་སྐོར་གསུངས་ཡོད་པ་དང། དེ་བཞིན་ཨ་མི་རི་ཀའི་མདུན་རེའི་སྲུང་སྐྱོབ་ཀྱི་དུས་དེབ་ཅིག་ཐོག་ལ། ཐའེ་ལྦན་གྱིས་རིང་ཚད་ཀི་ལོ་མི་ཊར་༣༠༠འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་ཐོག་ལ་ཞིབ་འཇུག་བྱས་ཟིན་པ་དང། མེ་ཤུགས་འཕུར་མདེལ་དེར་རྒྱ་ནག་གི་ས་ཐོག་ཏུ་འཕེན་ཐུབ་པའི་ནུས་པ་ཡོད་པའི་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎