ཐའེ་ལྦན་དུ་མཚོ་རླུང་གི་གནོད་འཚེའི་འོག་མི་༦༧ཤི་བ།

ཐའེ་ལྦན་ནང་མཚོ་རླུང་དྲག་པོ་མོ་ར་ཀོཏ་ཟེར་བ་དེ་རྒྱབ་ནས་ཆུ་ལོག་གི་གནོད་འཚེའི་འོག་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་༦༧ལ་སླེབས་པ།

2009.08.12

༄༅༎བདུན་སྔོན་མའི་གཟའ་མཇུག་ཐའེ་ལྦན་ནང་མཚོ་རླུང་དྲག་པོ་མོ་ར་ཀོཏ་ཟེར་བ་དེ་རྒྱབ་ནས་ཆུ་ལོག་གི་གནོད་འཚེའི་འོག་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་༦༧ལ་སླེབས་ཡོད་པ་དང་ཤྭ་འོད་རྒྱུག་པ་དང་རི་ཉིལ་བའི་འོག་ཞིག་རལ་དུ་ཕྱིན་པའི་གྲོང་གསེབ་ཁག་ནས་མི་དམངས་ཆིག་སྟོང་ཙམ་ཞིག་དེ་རིང་གནམ་ཐོག་ནས་མྱུར་སྐྱོབ་བྱས་འདུག

ཐའེ་ལྦན་ལྷོ་ཕྱོགས་སོའོ་ལིན་ས་ཁུལ་གྱི་གྲོང་གསེབ་ཁག་གསུམ་ནང་ནས་གྲོང་གསེབ་གཅིག་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་དང་གསོན་པོར་གནས་པའི་མི་དེ་ཚོ་ཐད་འཕུར་གནམ་གྲུའི་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། གནོད་འཚེ་ཕོག་པའི་ས་ཁུལ་ནས་མིག་མཐོང་དཔང་པོ་ཧོང་ཀྲིན་པའོ་ཡིས་བརྗོད་དོན་ལྟར་ན་ཆུ་ཚོད་སྐར་ཆ་ཁ་ཤས་ཅིག་གི་ནང་རི་ཉིལ་ནས་ཁོ་རང་ཡོད་སའི་གྲོང་གསེབ་དེའི་ནང་གྱི་ཁྱིམ་ཚང་ཕྱེད་ཀ་མན་ཙམ་ཞིག་ས་རུས་འོག་ཤོར་བ་མཐོང་འདུག ཧོང་དང་རོགས་པ་གྲོང་པ་ཁྱིམ་མཚེས་བཞི་བཅུ་ཙམ་ཞིག་མྱུར་སྐྱོབ་བྱེད་མཁན་ཁྱིས་ས་ཆ་མཐོ་སར་འཁྲིད་ཡོད་པ་དང་ཁྱི་དེ་གནིས་ཁོང་ཚོའི་སྲོག་སྐྱོབ་མཁན་ཡིན་སྐོར་འགྲེལ་བརྗོད་བྱས་བཞག

གནོད་འཚེ་ཕོག་པའི་ས་གནས་ཀྱི་ཕྱི་ལ་ཡོད་པའི་སློབ་གྲྭ་ཞིག་ནང་ས་རུས་འོག་ཤོར་བའི་མི་དམངས་ཀྱི་གཉེན་ཚན་དེ་ཚོ་འཛོམས་ནས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་གནམ་གྲུའི་ནང་ཉེན་གཡོལ་དུ་འགྲོ་རྒྱུའི་དོན་ན་ཚང་ཀ་རྒྱབ་བཞིན་པའི་མི་དམངས་ཐོག་དམག་མི་དང་ཉེན་རྟོག་པ་ཚོས་བཏང་འཛིན་བྱེད་བཞིན་ཡོད་པ་རེད།

དཔུང་དམག་གིས་ངལ་སེལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་དེ་རིང་ཐའེ་ལྦན་ས་མཚོ་གཉིས་སྤྱོད་དཔུང་དམག་གིས་ཞིང་པ་ཉིས་བརྒྱ་ལྔ་བཅུ་ཙམ་ཞིག་གསོན་པོར་གནས་པ་རྙེད་འཚོལ་ཐུབ་པ་བྱུང་བ་དང་ད་བར་མི་དམངས་༡༩༢ཙམ་ཞིག་ས་ཁུལ་བཙན་སར་སྤོ་བཞུད་བྱས་ཟིན་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎