རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་སྡེར་ཐའེ་ལྦན་བཞུགས་རེའི་སྐོར།

རྒྱ་ནག་མི་སེར་རྒྱལ་ཁབ་ཐའེ་ལྦན་ཞེས་པའི་མིང་ཐོག་ནས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་སྡེ་ཁག་ནང་བཞུགས་རྒྱུའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད

2008.08.15

༄༅༎ཐའེ་ལྦན་གཞུང་གིས་ཐའེ་ལྦན་དེ་བཞིན་རྒྱ་ནག་མི་སེར་རྒྱལ་ཁབ་ཐའེ་ལྦན་ཞེས་པའི་མིང་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་སྡེ་ཁག་ནང་བཞུགས་རྒྱུའི་ལས་དོན་སྤེལ་རྒྱུ་ཡིན་པའི་སྐོར་ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད།

ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང༌། ཀྲུང་ཧའ་མི་སེར་རྒྱལ་ཁབ་ཐའེ་ལྦན་གྱི་མི་སེར་ས་ཡ་ཉི་ཤུ་རྩ་གསུམ་གྱིས་ཐའེ་ལྦན་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་འཛུལ་བཞུགས་བྱ་རྒྱུའི་འདུན་པ་དང་ཐོབ་ཐང་ཡོད་པ་དེ་མཚོན་ཐབས་སུ་ཐའེ་ལྦན་དང་གཞུང་འབྲེལ་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་བཅུ་བདུན་གྱིས་ཐུན་མོང་ཐོག་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བཞུགས་རྒྱུའི་གྲོས་གཞི་བཏོན་རྒྱུ་ཡིན་པ་ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ཤའ་རླིས་ཡན་གྱིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས་ད་དུང་གསུང་ན་ ད་ལོ་ཐའེ་ལྦན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བཞུགས་རྒྱུའི་ལས་དོན་དེ་བཞིན་དེ་སྔོན་དང་མི་འདྲ་བར་ཐའེ་ལྦན་མི་མང་ས་ཡ་ཉི་ཤུ་རྩ་གསུམ་གྱི་བདེ་སྡུག་དང་འབྲེལ་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་དམིགས་བསལ་ཚོགས་སྡེ་ཁག་ནང་འཛུལ་བཞུགས་ཐུབ་རྒྱུའི་ལས་དོན་སྤེལ་རྒྱུ་ཡིན་པ་དང༌། ཡིན་ནའང་ཐའེ་ལྦན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཡན་ལག་སྒྲིག་འཛུགས་ཁག་ནང་བཞུགས་རྒྱུར་དངོས་གནས་ཀྱི་དཀའ་ངལ་དེ་བཞིན་རྒྱ་ནག་ལ་ཐུག་གི་ཡོད་པ་དང༌། རྒྱ་ནག་གཞུང་གིས་དེའི་ཐོག་རྣམ་འགྱུར་ག་རེ་བཏོན་མིན་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་དཔོན་རིགས་ནས་ཐའེ་ལྦན་རྒྱལ་སྤྱིའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་ནང་མཉམ་བཞུགས་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་དེར་ཐུགས་འཁུར་གནང་རྒྱུའི་བསམ་ཚུལ་བཏོན་གནང་གི་ཡོད་པ་བཞིན་ ཐའེ་ལྦན་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གཞུང་ནས་ཐའེ་ལྦན་མི་མང་གི་བསམ་ཚུལ་ལ་དངོས་གནས་བསམ་ཞིབ་གནང་ཏེ་དེར་འགོག་རྐྱེན་མི་བཟོ་བའི་རེ་བ་གནང་གི་ཡོད་པ་གསུང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎