རྒྱལ་སྤྱིའི་ཐོག་རྒྱའི་རིག་གཞུང་སྐུལ་སྤེལ་གཏོང་བཞིན་ཡོད་པ།

ཐའེ་ལྦན་གཞུང་གིས་རྒྱལ་སྤྱིའི་ནང་ཐའེ་ལྦན་གྱིས་རྒྱའི་རིག་གནས་ཤེས་ཡོན་གནས་བབ་གོང་མཐོར་གཏོང་རྒྱུའི་ལས་འཆར་སྤེལ་རྒྱུ་ཡིན་འདུག

2010.02.17

༄༅༎རྒྱ་ནག་གཞུང་གིས་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ཡིག་དང་རྒྱའི་རིག་གཞུང་སྐུལ་སྤེལ་གཏོང་བཞིན་པའི་གནས་སྟངས་ལ་གདོང་ལེན་ཆེད་   ཐའེ་ལྦན་གཞུང་གིས་རྒྱལ་སྤྱིའི་ནང་ཐའེ་ལྦན་གྱིས་རྒྱའི་རིག་གནས་ཤེས་ཡོན་གནས་བབ་གོང་མཐོར་གཏོང་རྒྱུའི་ལས་འཆར་སྤེལ་རྒྱུ་ཡིན་འདུག    ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐའེ་ལྦན་རིག་གཞུང་ལས་ཁང་ལ་ཐའེ་ལྦན་གྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་རྒྱུའི་འབྲེལ་ཡོད་ལས་འཆར་ཞིག་གང་མགྱོགས་བཏོན་དགོས་པའི་བཀའ་བཏང་ཡོད་པ་དང་ ལས་འཆར་དེས་རྒྱ་ཡིག་དང་རྒྱའི་རིག་གཞུང་རྒྱལ་སྤྱིའི་ནང་བདག་གཅེས་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་ཐའེ་ལྦན་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པས་གསུང་འདུག

དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་ཁག་ནང་རྒྱ་མིའི་སྔ་རབས་ཀྱི་མཁས་པ་ཁུང་ཙིའི་རིག་པའི་གཞུང་ལུགས་དར་ཁྱབ་གཏོང་ཐབས་ཀྱིས་ གཙོ་བོ་ཕྱི་རྒྱལ་ཡུལ་ཁག་ནང་རྒྱའི་སྐད་ཡིག་སློབ་རྒྱུར་སྐུལ་སྤེལ་བྱེད་བཞིན་ཡོད་པ་དེས་རྒྱ་ནག་གིས་དམག་དོན་དང་དཔལ་འབྱོར་མིན་པའི་རྣམ་པ་ཞིག་གི་ཐོག་ནས་ ཕྱི་རྒྱལ་ནང་རྒྱ་མི་རིགས་ཀྱི་ཤུགས་རྐྱེན་སླེབས་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་བཞིན་ ཐའེ་ལྦན་གྱི་གོ་མིན་ཏང་ཚོགས་པ་ནི་༡༩༤༩ལོའི་གོང་རྒྱ་ནག་ནང་དབང་འཛིན་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་ད་ལྟ་ཡང་རྒྱ་ནག་གི་རིག་གཞུང་ལྟེ་གནས་ཁོང་ཚོ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་བཞིན་ཐའེ་ལྦན་གྱིས་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ནང་རྒྱའི་སྐད་ཡིག་སློབ་གྲ་བཙུགས་ནས་རྒྱའི་རིག་གཞུང་དང་སྐད་ཡིག་དར་འཕེལ་གཏོང་རྒྱུའི་ལས་འཆར་སྤེལ་མུས་ཡིན་པའི་ཐོག་ ད་རེས་ཐའེ་ལྦན་གྱི་སྲིད་འཛིན་ནས་ཐའེ་ལྦན་གྱི་རྒྱ་མི་རིགས་ཀྱི་རིག་གནས་དང་ཤེས་ཡོན་དར་ཁྱབ་གཏོང་རྒྱུར་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ལས་འཆར་ལ་གདོང་ལེན་གྱི་རྣམ་པ་ཞིག་སྐྲུན་ཐབས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎