ཐེ་ལྦན་སྲིད་འཛིན་གཞོན་པ་ཨེ་ཤེ་ཡའི་ལྷན་ཚོགས་སུ་ཆེད་གཏོང༌།

དེ་སྔོན་གྱི་ཐེ་ལྦན་སྲིད་འཛིན་གཞོན་པ་སིང་ག་པོར་དུ་ཚོགས་རྒྱུའི་དཔལ་འབྱོར་གྱི་ལྷན་ཚོགས་གལ་ཆེ་ཞིག་ཐོག་ཐེ་ལྦན་གྱི་སྐུ་ཚབ་ཏུ་ཆེད་གཏོང་རྒྱུ།

2009.10.18

༄༅༎ཐེ་ལྦན་གྱི་སྲིད་འཛིན་མཱ་ཡིང་ཇུ་ཡིས་དེ་སྔོན་གྱི་སྲིད་འཛིན་གཞོན་པ་ལིཡེན་ཁྲེན་རིང་མིན་སིང་ག་པོར་དུ་ཚོགས་རྒྱུའི་དཔལ་འབྱོར་གྱི་ལྷན་ཚོགས་གལ་ཆེ་ཞིག་ཐོག་ཐེ་ལྦན་གྱི་སྐུ་ཚབ་ཏུ་ཆེད་གཏོང་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཐེ་ལྦན་གྱི་དཔོན་རིགས་ཤིག་གིས་གསུངས་ཡོདཔ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་སྲིད་འཛིན་མཱ་ཡིང་ཇུ་ཡི་ལས་ཁུངས་ཀྱི་དཔོན་རིགས་དེས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་པར་གཞིགས་ན་སྲིད་འཛིན་སྐུ་གཞོན་ཟུར་པ་ལིཡེན་ཁྲེན་ཕྱི་ཟླ་བཅུ་གཅིག་པའི་ནང་ཚོགས་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་ཐོག་ལ་སྲིད་འཛིན་མཱ་ཡིང་ཇུ་ཡི་སྐུ་ཚབ་ཏུ་ཕེབས་རྒྱུ་ཡིན་པ་དང་དེ་ཡང་ཐག་གཅོད་བྱས་ཟིན་པའི་སྐོད་བཤད་ཡོད་ཅིང་ཐེ་ལྦན་གྱི་སྲིད་འཛིན་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གླེང་སྟེགས་ཀྱི་ལྷན་ཚོགས་ཐོག་ཚོགས་ཞུགས་བྱེད་ཐུབ་ཀྱི་མེད་པ་དང་དེ་ནི་རྒྱ་ནག་གཞུང་གིས་ཐེ་ལྦན་ནི་རྒྱ་ནག་གི་མངའ་འོག་ཞིང་ཆེན་ཞིག་ཡིན་ཚུལ་བཤད་དེ་སྲིད་འཛིན་སྐུ་ངོ་མ་ཚོགས་ཞུགས་བྱ་རྒྱུར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་བརྟེན་འདས་ཟིན་པའི་ལྷན་ཚོགས་སྐོང་ཚོགས་གནང་རིང་བཞིན་དུ་ཐེ་ལྦན་ཕྱོགས་ནས་དཔལ་འབྱོར་ཐོག་ལ་སློབ་སྟོན་གནང་མཁན་མཐོ་རིམ་དཔོན་རིགས་དང་ཡང་ན་ཚོང་ལས་དཔོན་རིགས་སྐུ་ཚབ་ཏུ་ཆེད་གཏོང་གནང་སྲོལ་ཡོད་པ་རེད། ན་ནིང་རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་ཐེ་ལྦན་གོ་མིང་ཏང་ཚོགས་གཙོ་མཱ་ཡིང་ཇུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་དང་ཐེ་ལྦན་བར་གྱི་འབྲེལ་ལམ་མྱུར་པོའི་ཐོག་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་བརྟེན་ནས་ད་རེས་སྲིད་འཛིན་མཱ་ཡིང་ཇུ་ཡི་སྐུ་ཚབ་ཏུ་དེ་སྔ་ཕྱི་ལོ་༡༩༩༦ནས་༢༠༠༠བར་ཏུ་ཐེ་ལྦན་གཞུང་འཛིན་གོ་མིང་ཏང་ཚོགས་པས་དབང་འཛིན་བྱེད་པའི་རིང་ལ་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་མྱོང་མཁན་སྐུ་ཞབས་ལིཡེན་ཁྲེན་ཕེབས་ཐུབ་པ་ཡིན་ཚེ་ལྷན་ཚོགས་དེའི་ནང་དུ་ཐེ་ལྦན་གྱི་སྐུ་ཚབ་ཕེབས་པ་གོ་གནས་མཐོ་ཤོས་དེ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎