ཐའེ་ལྦན་ནང་ར་སྦི་ཡའི་གློག་བརྙན་བསྟན་རྒྱུ།

ཐའེ་ལྦན་ནང་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་སྦི་ཡའི་མི་ཚེའི་ལོ་རྒྱུས་ཐོག་བཟོ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་དེ་བསྟན་རྒྱུ།

2009.09.06

༄༅༎རིང་མིན་ཐའེ་ལྦན་ནང་དུ་གློག་བརྙན་གྱི་དུས་སྟོན་སྐབས་འདི་ག་ཨ་མི་རི་ཀར་གནས་སྡོད་གནང་མཁན་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་གྱི་མི་ཚེའི་ལོ་རྒྱུས་ཐོག་བཟོ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་དེ་བསྟན་རྒྱུ་ཡིན་པ་རེད།

རེས་གཟའ་སྤེན་པའི་ཕྱི་དྲོ་གློག་བརྙན་དུས་སྟོན་གོ་སྒྲིག་གནང་མཁན་ལིའུ་སུ་དབྱིང་གིས་ཟླ་བ་བཅུ་པའི་ནང་ཐའེ་ལྦན་གྱི་གྲོང་ཁྱེར་ཀའོ་ཤུང་ནང་དུ་ཚོགས་རྒྱུའི་གློག་བརྙན་གྱི་དུས་སྟོན་སྐབས་བསྟན་རྒྱུ་ཡིན་པ་གསུངས་ཡོད་ཅིང་རྒྱ་ནག་གཞུང་གིས་ལྕམ་ར་སྦི་ཡ་ཀ་རྡིར་ནི་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་ནང་དུ་ཡུ་གུར་མི་རིགས་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ཀུན་སློང་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱེད་པ་མ་ཟད་ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་གྲོང་ཁྱེར་མེལ་སྦོན་ནང་དུ་ཚོགས་པའི་གློག་བརྙན་གྱི་དུས་སྟོན་ཐོག་ལྕམ་ར་སྦི་ཡ་ཀ་རྡིར་ཚོགས་བཅར་གནང་བ་མ་ཟད་ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་དངོས་བྱུང་གློག་བརྙན་དེ་བཏོན་པར་བརྟེན་རྒྱ་ནག་ཕྱོགས་ནས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་བཞིན་ད་རེས་ཐའེ་ལྦན་གྱི་ཐོག་ལའང་ངོ་རྒོལ་བྱ་རྒྱུ་ཡིན་པ་ཚོད་དཔགས་གནང་གི་ཡོད་པ་རེད། གློག་བརྙན་དུས་སྟོན་ཚོགས་ཡུལ་གྱི་གྲོང་ཁྱེར་ཀའོ་ཤུང་དེ་ནི་ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་བསྐྱོད་བྱེད་མཁན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པའི་ཤུགས་རྐྱེན་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་གློག་བརྙན་གོ་སྒྲིག་གནང་མཁན་ལིའུ་ཡིས་གསུངས་ན་ལྕམ་ར་སྦི་ཡ་ཀ་རྡིར་སྐོར་གྱི་དངོས་བྱུང་གློག་བརྙན་བསྟན་རྒྱུའི་ཐག་གཅོད་བྱས་པ་དེ་ཡིས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པའི་སྐོར་གསུངས་ཡོད་པ་མ་ཟད་ཐའེ་ལྦན་སྲིད་འཛིན་མ་དབྱིང་ཇུ་ཡི་མགྲིན་ཚབ་པ་ལྦང་ཡུ་ཁྲི་ཡིས་ཐའེ་ལྦན་གཞུང་ཕྱོགས་ནས་མི་དམངས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་གློག་བརྙན་བསྟན་རྒྱུར་བཀག་འགོག་བྱ་གི་མ་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎