ཐའེ་ལྦན་དུ་ཡུ་གུར་ལྕམ་ར་བཱི་ཡའི་ལོ་རྒྱུས་གློག་བརྙན་སྟོན་རྒྱུ།

ཐའེ་ལྦན་དུ་ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་གློག་བརྙན་དེ་བཞིན་འཆར་གཞི་ལས་སྔོན་ལ་སྟོན་རྒྱུའི་ཐག་གཅོད་བྱུང་འདུག

2009.09.21

༄༅༎རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་ཐའེ་ལྦན་གྲོང་ཁྱེར་ཀའོ་ཞུང་གིས་གྲོང་ཁྱེར་དེའི་ནང་གློག་བརྙན་གྱི་དུས་སྟོན་སྐབས་ཡུ་གུར་ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་སྐོར་དངོས་ཤུས་གློག་བརྙན་སྟོན་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་ཡིན་ན་ཡང་ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་གྲན་ཇུའུ་ནས་རྒྱ་ནག་དང་ཐའེ་ལྦན་དབར་གནད་དོན་དེས་རྐྱེན་པས་རྩོད་གླེང་ཇེ་ཆེར་འགྲོ་བཞིན་པ་དེ་རེ་ཞིག་ཇི་འཇམ་ཡོངས་ཐབས་སུ་ལྕམ་ར་བཱི་ཡ་ཀ་རྡིར་གྱི་ལོ་རྒྱུས་གློག་བརྙན་དེ་བཞིན་འཆར་གཞི་ལས་སྔོན་ལ་སྟོན་རྒྱུ་ཡིན་ཞིང་ཐོག་མའི་འཆར་གཞི་ལྟར་ན་ཀའོ་ཞུང་གློག་བརྙན་གྱི་དུས་སྟོན་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་དུ་སྤེལ་གྱི་ཡོད་པ་དང་དེའི་སྐབས་འཛམ་གླིང་ཡུལ་གྲུ་ཁག་གི་གློག་བརྙན་ཁག་བདུན་ཅུ་དོན་གྲངས་ཤིག་གཟིགས་འབུལ་ཞུ་རྒྱུའི་གྲས་སུ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ར་བཱི་ཡ་ཀ་རྡིར་ཡི་ལོ་རྒྱུས་སྐོར་གྱི་དངོས་བཤུས་གློག་བརྙན་དེ་ཡང་སྟོན་རྒྱུའི་ཐག་གཅོད་བྱུང་ཡོད་ན་ཡང་རྒྱ་ནག་གཞུང་གིས་དེའི་ཐོག་བསྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད་ཀའོ་ཞུང་གློག་བརྙན་དུས་སྟོན་ཁག་རྒྱ་ནག་གི་གློག་བརྙན་འགྲེམས་སྤེལ་བྱ་རྒྱུར་བཀག་སྡོམ་བྱས་པའི་ཁར་གྲོང་ཁྱེར་དེའི་ནང་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་བསྐྱོད་རྒྱུར་ཡང་དམ་བསྒྲགས་བྱས་པ་སོགས་ཀྱི་རྩོད་གླེང་མང་པོ་ཞིག་ཡོང་མུས་ཡིན་སྟབས་ཀའོ་ཞུང་གྲོང་ཁྱེར་གཞུང་གིས་རྩོད་གླེང་དེ་རིགས་རེ་ཞིག་ཞི་འཇམ་ཡོང་ཕྱིར་ལྕམ་ར་བཱི་ཡ་ཀ་རྡིར་ཡིས་ལོ་རྒྱུས་སྐོར་གྱི་གློག་བརྙན་དེ་ཀའོ་ཞུང་གློག་བརྙན་དུས་སྟོན་གྱི་གོང་དུ་སྔ་ནུར་སྟོན་རྒྱུར་ཐག་གཅོད་བྱུང་ནས་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གཉིས་དང་ཉི་ཤུ་གསུམ་ཉིན་ཀའོ་ཞུང་གྲོང་ཁྱེར་དུ་སྟོན་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎