རྒྱ་ནག་དང་ཐའེ་ལྦན་གྱི་ཚོང་འབྲེལ་སྐོར།

ཐའེ་ལྦན་དང་རྒྱ་ནག་དབར་གལ་ཆེའི་ཚོང་འབྲེལ་གྱི་གྲོས་མཐུན་ཐོག་མཚན་རྟགས་རྒྱབ་ཐུབ་པའི་འབད་བརྩོན་ཡོང་ཐབས་བྱ་རྒྱུ་ཡིན་འདུག

2010.01.08

༄༅༎ཐའེ་ལྦན་གྱི་སྲིད་བློན་ལྦུ་ཏེན་ཡི་ཀྱིས་དེ་རིང་གསུང་པར། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ཐའེ་ལྦན་གཞུང་གིས་རྒྱ་ནག་གི་ལྷན་དུ་ཚོང་ལས་ཀྱི་གྲོས་མོལ་འགོ་བཙུགས་བྱས་ཏེ་ཕྱི་ཟླ་ལྔ་པའི་ནང་གལ་ཆེའི་ཚོང་འབྲེལ་གྱི་གྲོས་མཐུན་ཐོག་མཚན་རྟགས་རྒྱབ་ཐུབ་པའི་འབད་བརྩོན་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

དེ་ཡང་སྲིད་བློན་སྐུ་ཞབས་ལྦུ་ཡིས་གསར་འགོད་པར། ཐའེ་ལྦན་དང་རྒྱ་ནག་བར་གྱི་སྔོན་འགྲོའི་འབྲེལ་ལམ་འགོ་འཛུགས་ཡག་དེ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་ཉིན་བྱ་རྒྱུ་ཡིན་པ་དང། གལ་ཏེ་ཕྱི་ཟླ་ལྔ་པའི་ནང་ང་ཚོ་ཕྱོགས་གཉིས་པོས་ཚོང་འབྲེལ་གྱི་གྲོས་མཐུན་ལ་མཚན་རྟགས་རྒྱབ་ཐུབ་པའི་གྲོས་འཆམ་ཞིག་བྱུང་བ་ཡིན་ཚེ་གནས་ཚུལ་བཟང་ཤོས་ཤིག་ཡིན་པ་དང། ང་ཚོིས་དེ་ལྟར་ཡོང་བའི་རེ་འདུན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད། ཡིན་ནའང་སྐུ་ཞབས་ལྦུ་ཡིས་ཐའེ་ལྦན་མི་དམངས་ཀྱི་ཁྲོད་དུ་ཐའེ་ལྦན་དང་རྒྱ་ནག་དབར་དུ་ཉེ་བའི་ཚོང་གི་འབྲེལ་ལམ་བྱེད་པ་དེར། བློ་དོགས་དང་མི་དགའ་བ་བྱེད་མཁན་ཡོད་པ་དེའི་ཐོག་ལ་ཁོང་གི་དགོངས་ཚུལ་ནི། ང་ཚོས་མི་དམངས་ཀྱི་སེམས་ཚོར་དེ་དག་ལ་སྣང་མེད་སྐྱུར་འཇོག་བྱས་ན་འགྲིག་ཐབས་མེད་པ་དང། དེར་བརྟེན་ང་ཚོས་མི་དམངས་ཚོར། རྒྱུ་མཚན་གང་གི་ཐོག་ནས་ཁྲོམ་རའི་འགྲན་རྩོད་ཀྱི་ཆེད་དུ་ཐའེ་ལྦན་གྱི་བཟོ་གྲ་ཁག་ལ་རྒྱ་ནག་གི་མཉམ་དུ་དཔལ་འབྱོར་མཉམ་འབྲེལ་གྱི་གྲོས་མཐུན་དགོས་གལ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་བྱ་རྒྱུ་དང་གོ་རྟོགས་སེལ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུང་ཡོད་པ་རེད།

ཡིན་ནའང་ཐའེ་ལྦན་རང་བཙན་ཕྱོགས་སུ་འདོད་ཕྱོགས་འཛིན་མཁན་ཐའེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པའི་ཐོག་ནས། ཐའེ་ལྦན་དང་རྒྱ་ནག་བར་གྱི་ཚོང་འབྲེལ་གྲོས་མཐུན་བཞག་རྒྱུ་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་པ་དང། ད་ལྟའི་ཐའེ་ལྦན་གཞུང་འཛིན་གོ་མིང་ཏང་གིས་རྒྱ་ནག་གི་མཉམ་དུ་ཚོང་གྱི་འབྲེལ་ལམ་ཉེ་རུ་བཏང་སྟེ་ཐའེ་ལྦན་རང་བཙན་ཕྱོགས་སུ་མདུན་བསྐྱོད་བྱེད་རྒྱུའི་གནས་བབ་ལ་འགོག་རྐྱེན་དུ་འགྱུར་རྒྱུ་ཡིན་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎