ཐའེ་ལྦན་གྱིས་ཉིན་ལྔའི་དམག་སྦྱོང་བྱེད་འཆར།

ཐའེ་ལྦན་གཞུང་གིས་རྒྱ་ནག་ནས་དམག་གི་འཇིགས་པ་ཡོད་ངེས་ལ་དེར་གདོང་ལེན་བྱ་ཕྱོགས་ཀྱི་ཐད་ཉིན་ལྔའི་དམག་སྦྱོང་རྒྱས་པོ་ཞིག་གནང་གི་ཡོད་པ་རེད་

2008.06.23

༄༅༎རྒྱ་ནག་དང་ཅུང་འབྲེལ་བ་བཟང་དུ་འགྲོ་མིན་ལ་མ་ལྟོས་པར་ ཐའེ་ལྦན་གཞུང་གིས་རྒྱ་ནག་ནས་དམག་གི་འཇིགས་པ་ཡོད་ངེས་ལ་ དེར་གདོང་ལེན་བྱ་ཕྱོགས་ཀྱི་ཐད་ཉིན་ལྔའི་དམག་སྦྱོང་རྒྱས་པོ་ཞིག་གནང་གི་ཡོད་སྐོར་ཐའེ་ལྦན་གྱི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ལི་ས་ཁྲི་ཡིས་གསལ་བསྒྲགས་གནང་ཡོད་པ་རེད་

ཐའེ་ལྦན་གྱི་ཡུ་ནའེ་ཀྲིདྲི་ཌེ་ལི་དང་ཨེ་པལ་ཌེ་ལི་ཞེས་པའི་གསར་ཤོག་གཉིས་ཀྱིས་གནས་ཚུལ་སྤེལ་བའི་ནང་ དམག་སྦྱོང་དེའི་ཚོར་སྣང་ལ་ ཕྱི་ལོ་༢༠༠༩ ལོའི་ནང་རྒྱ་ནག་གིས་ཐའེ་ལྦན་ལ་དམག་འཐབ་ཀྱིས་ཐའེ་ལྦན་གྱི་གནམ་མཚོ་གཉིས་ཀྱི་དམག་འཐབ་ཕམ་ཉེས་ཀྱི་རྗེས་སུ་ ཐའེ་ལྦན་གྱི་ས་དམག་གི་ཐོག་ནས་ རྒྱ་ནག་གི་དཔུང་དམག་ལ་གདོང་ལེན་གྱིས་དམག་འཁྲུག་བྱ་ཐབས་ཀྱི་སྐོར་དམག་སྦྱོང་བྱ་ཡི་ཡོད་སྐོར་བཀོད་ཡོད་པ་རེད་

ཀམ་པུ་ཊར་འཕྲུལ་རིག་གི་བརྒྱུད་སྐུལ་བྱེད་པའི་དེ་ལྟ་བུའི་ཕྱི་ལོ་༢༠༠༧གྱི་དམག་སྦྱོང་ཞིག་ནང་ རྒྱ་ནག་གི་ལྷན་ཕྱི་ལོ་༢༠༡༢ ལོར་དམག་འཁྲུག་ཞིག་ནང་ ཐའེ་ལྦན་གྱི་གནམ་མཚོའི་དཔུང་དམག་གིས་རྒྱ་ནག་གི་གནམ་མཚོའི་དཔུང་དམག་ལ་གདོང་ལེན་བྱ་ཕྱོགས་ཀྱི་ཐད་ དམག་སྦྱོང་ཞིག་བྱས་ཡོད་པ་རེད་ གོང་ཞུས་གསར་ཤོག་གཉིས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན་ ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་དམག་སྦྱོང་གཟིགས་ཞིབ་ཏུ་ཕེབས་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎