ཨ་རིས་ཐེ་ལྦན་ལ་གནམ་དམག་གོ་མཚོན་ཚོང་རྒྱུ།

ཨ་རིའི་གྲོས་ཚོགས་ནས་ཐེ་ལྦན་ལ་གནམ་དམག་ཚོང་རྒྱུའི་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་ཡོད་པ།

2011.05.29

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་ཕྱོགས་ནས། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མའི་ཁྲོད་ནས་ཐེ་ལྦན་ལ་f-16 རྟགས་ཅན་གྱི་གནམ་དམག་ཚོང་རྒྱུའི་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

དེ་ཡང་གཟའ་འཁོར་སྔོན་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང༌། གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ནས་༤༥ ཡིས། རྒྱ་ནག་ཕྱོགས་ནས་དམག་དོན་གཞི་རྒྱ་ཆེ་རུ་ཧ་ཅང་གི་མྱུར་པོ་གཏོང་གི་ཡོད་པར་བརྟེན། ཐེ་ལྦན་དང་རྒྱ་ནག་གི་དམག་དོན་འདྲ་མཉམ་ཡོད་རྒྱུར་ཨ་རིའི་སྲིད་གཞུང་གིས་ཐེ་ལྦན་གྱིས་F-16 རྟགས་ཅན་གྱི་དམག་གི་གནམ་གྲུ་གྲངས་༦༦ ཚོང་འགྱུར་ཡོང་བའི་རེ་འདུན་བྱེད་པ་བཞིན་བཀའ་ཁྲོལ་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཇེམ་སི་ཆེང་ཡིས་ཕེ་རན་སི་གསར་འགོད་པར། ཨ་མི་རི་ཀས་ཐེ་ལྦན་ལ་གོ་མཚོན་ཚོང་རྒྱུ་དེ་ནི་ཐེ་ལྦན་རང་སྲུང་གི་ནུས་སྟོབས་ཆེ་རུ་གཏོང་རྒྱུར་ཕན་ཐོག་སྐྲུན་རྒྱུ་མ་ཟད། དམིགས་བསལ་རྒྱ་ནག་གི་དམག་དོན་གྱི་ཉེན་ཁ་ལ་ཁ་གཏད་བཅོག་ཐུབ་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ཐེ་ལྦན་ཕྱོགས་ནས་༢༠༠༧ ནས་བཟུང་ཨ་མི་རི་ཀར་F-16 རྟགས་ཅན་གྱི་གནམ་དམག་༦༦ ཚོང་འགྱུར་ཡོང་བའི་རེ་འདུན་ཞུས་ཡོད་ཀྱང༌། ད་བར་ཨ་རིའི་གཞུང་ཕྱོགས་ནས་བཀའ་ཁྲོལ་མ་ཐོབ་པའི་རྒྱུ་མཚན་ནི། གནས་ཚུལ་དབྱེ་ཞིབ་པས། རྒྱ་ནག་གཞུང་ཁོང་ཁྲོ་ལངས་རྒྱུར་དོགས་གཟོན་བྱས་པ་ཞིག་ཡིན་ལུགས་ངོས་འཛིན་གནང་གི་ཡོད་པ་རེད། ལྷག་པར་ད་རེས་ཉེ་ཆར་ཟླ་བ་འདིའི་འགོ་སྟོད་དུ་རྒྱ་ནག་མི་དམངས་བཅིངས་བགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཁྲེན་ཕིང་ཊེ་ཨ་རིར་འཚམས་འདྲི་བྱེད་པའི་སྐབས། ཨ་མི་རི་ཀས་ཐེ་ལྦན་ལ་གོ་མཚོན་ཚོང་འགྱུར་བྱ་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་རྒྱ་ནག་གཞུང་གི་ལངས་ཕྱོགས་བསྐྱར་དུ་བརྗོད་ཡོད་པ་རེད། འོན་ཀྱང་སྐབས་དེར་ཐེ་ལྦན་ཕྱོགས་ནས། ཨ་མི་རི་ཀར་མཚོ་འོག་དམག་གྲུ་དང། གནམ་དམག་F-16 རྟགས་ཅན་༦༦ ཚོང་འགྱུར་ཡོང་བའི་རེ་འདུན་ཞུས་པ་དེར་འགྱུར་བ་གང་ཡང་མེད་པར་མུ་མཐུད་བཀའ་ཁྲོལ་ཐོབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་ལན་འདེབས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎