ཐེ་ལྦན་ཕྱོགས་འགལ་ཚོགས་པའི་ཚོགས་གཙོས་རྒྱ་ནག་ལ་སྐྱོན་བརྗོད།

ལྕམ་ཚའེ་ཨིང་ལྦེན་གྱིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་བྱས་པ་དེར་ཐུགས་འཚབ་གནང་གི་ཡོད་པ་རེད།

2012.02.25

༄༅༎ཐེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ལྕམ་ཚའེ་ཨིང་ལྦེན་གྱིས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་བྱས་ཏེ་བོད་ནང་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་པར་ཐུགས་འཚབ་ཡོད་པའི་སྐོར་དང། དེ་བཞིན་ཐེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུས་ཀྱིས་རྒྱ་ནག་གཞུང་ལ་ང་ཚོའི་སེམས་འཚབ་དེ་གསལ་སྟོན་གནང་དགོས་པའི་འབོད་བསྐུལ་ཞུས་གནང་ཡོད་པ་རེད༎  དེ་ཡང་ཐེ་ལྦན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ཨིང་ལྦེན་གྱིས་ད་རེས་གཟའ་ལྷག་པའི་ཉིན་ཐེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་མཇལ་འཕྲད་གནང་སྐབས་ཁོང་གིས་བོད་ནང་ད་བར་བོད་མི་༢༣ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས། བོད་མིའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་བོད་མི་ཚོ་ལ་རང་དབང་དགོས་པའི་དགོས་འདུན་བཏོན་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཚད་རྒྱ་ནག་དམར་པོའི་གཞུང་གིས་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་བོད་མི་ཞི་བའི་ངོ་རྒོལ་བ་དམར་བསད་བཏང་བའི་རྗེས་སུ་བོད་ཀྱི་ས་ཁུལ་ཕལ་ཆེ་བའི་ནང་གསལ་བསྒྲགས་མེད་པའི་དྲག་པོིའི་དམག་གི་དམ་དྲག་ཁྲིམས་གཞིའི་གནས་སྟངས་འོག་གནས་བཞིན་ཡིན་པ་དེའི་ཐོག་སེམས་འཚབ་ཆེན་པོ་ཡོད་པའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་ཐེ་ལྦན་སྲིད་འཛིན་མཆོག་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། དེ་བཞིན་དམངས་གཙོའི་ལས་འགུལ་རྒྱབ་སྐྱོར་དང་ཐེ་ལྦན་ནང་ཡོད་པའི་བོད་མི་ཚོར་རྒྱབ་སྐྱོར་གནང་དགོས་པའི་སྐོར་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎