ཐེ་ཝན་དང་རྒྱ་ནག་གི་འབྲེལ་བར་ཐེ་ཝན་མི་མང་ནས་ངོ་རྒོལ།

ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་དབར་གཞི་རྒྱ་ཆེ་བའི་ཚོང་འབྲེལ་གྱི་གྲོས་མཐུན་བཞག་འདུག འོན་ཀྱང་གྲོས་མཐུན་དེར་ཐེ་ཝན་གྱི་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་འདུག

2012.08.09

༄༅།    །རེས་གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱལ་ས་ཐའེ་བའེ་རུ་ རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་འགན་འཛིན་Chen Yunlin དང་། ཐེ་ཝན་གྱི་སྐུ་ཚབ་Chiang Pin-kung གཉིས་ནས་རྒྱལ་ཁབ་ཕན་ཚུན་ནང་ཚོང་འབྲེལ་བྱ་ཕྱོགས་དང་འབྲེལ་བའི་གྲོས་མཐུན་གྱི་ཡིག་ཆ་གཉིས་ལ་མོས་མཐུན་གྱི་ས་རྟགས་བཀོད་པ་རེད། ཚོང་འབྲེལ་གྱི་གྲོས་མཐུན་དང་པོ་དེའི་ནང་། རྒྱལ་ཁབ་ཕན་ཚུན་དབར་མ་རྩ་འཛུགས་འཇོག་རྒྱ་ཆེར་གཏོང་ཐབས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་མ་ཟད། རྒྱ་ནག་སྐམ་ས་ཆེན་མོའི་ནང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གི་མ་རྩ་འཛུགས་འཇོག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་གཏན་འབེབས་བྱས་འདུག གྲོས་མཐུན་གཉིས་པ་དེའི་ནང་། ཕྱོགས་གཉིས་དབར་ཚོང་འབྲེལ་གྱི་མྱུར་ཚད་མདུན་བསྐྱོད་སླད། དཔྱ་ཁྲལ་འདུ་ལེན་གྱི་སྒྲིག་གཞི་ཁ་གསལ་བཟོས་ཡོད་འདུག གྲོས་མོལ་སྐུ་ཚབ་གཉིས་ཀྱི་མཇལ་མོལ་སྐབས་སྲུང་བྱའི་དོན་དུ་ཉེན་རྟོག་མི་སྣ་༡༢༠༠ཙམ་འགྲེམས་སྤེལ་བྱས་ཡོད་ཀྱང་། མི་གྲངས་༧༠༠ལྷག་ཙམ་ནས་མགྲོན་ཁང་གི་ཕྱི་ལ་འདུ་འཛོམས་བྱས་སྟེ། རྒྱ་ནག་གི་གྲོས་མོལ་སྐུ་ཚབ་དང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྱི་གྲོས་མཐུན་དེར་མོས་མཐུན་མེད་པའི་ངོ་རྒོལ་སྐད་བྱས་འདུག ངོ་རྒོལ་ནང་མཉམ་བཞུགས་བྱེད་་མཁན་Chen Che ཟེར་བའི་བརྗོད་ན།   ཚོང་འབྲེལ་གྱི་གྲོས་མཐུན་དེའི་བརྒྱུད་རྒྱ་ནག་སྐམ་ས་ཆེན་མོས་ཐེ་ཝན་གྱི་དཔལ་འབྱོར་ལ་བཏང་འཛིན་བྱས་ཏེ་ཐེ་ཝན་ཐོག་དབང་བསྒྱུར་བྱ་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པས་མ་ཟད། འདི་ལྟ་བུའི་ཚོང་འབྲེལ་གྱི་གྲོས་མཐུན་ནི། གཞི་རྩའི་ཆབ་སྲིད་ཀྱི་རང་བཞིན་ལྡན་པའི་དམིགས་ཡུལ་འོག རྒྱལ་ཁབ་ཆིག་སྒྲིལ་བཟོ་ཐབས་ཀྱི་ཁ་ཕྱོགས་སུ་བསྐྱོད་ཀྱི་ཡོད་པར་བརྟེན།    ངོ་རྒོལ་གྱི་དགག་པ་བྱེད་བཞིན་ཡོད་སྐོར་གསལ་འདོན་བྱས་བཞག དེ་བཞིན་ཡང་ཐེ་ཝན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཕྱོགས་འཛིན་མཁན་ཐེ་ཝན་མཐུན་སྒྲིལ་གཅིག་སྒྲིལ་ཚོགས་པ་ཞེས་པའི་མགྲིན་ཚབ་པས་ད་ཕན་ཕྱོགས་ཕན་ཚུན་དབར་བཞག་པའི་གྲོས་མཐུན་ཁག་ལ་རྒྱ་ནག་སྐམ་ས་ཆེན་མོས་བརྩི་སྲུང་ཞུ་ཡི་མེད་སྟབས། སླར་ཡང་ནུས་མེད་ཀྱི་གྲོས་མཐུན་དེ་རིགས་མུ་མཐུད་བཞག་དགོས་དོན་གང་ཡང་མེད་པའི་སྐོར་དྲན་སྐུལ་བྱས་འདུག    །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎