སྒྱུ་རྩལ་བརྒྱུད་བོད་དོན་དྲིལ་བསྒྲགས།


2013.04.11
འགྲེམས་སྟོན་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་གནང་སྒོ་འདྲ་མིན་སྤེལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

༄༅།    །ཁ་སང་ཕྱི་ཚེས་༡༠ཉིན་བོད་རིགས་ན་གཞོན་སྒྱུ་རྩལ་བ་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྕོད་ཅེས་པའི་འགྲེམས་སྟོན་མཛད་སྒོ་ཞིག་འཚོགས་ཏེ། ཁབ་གཙགས་རི་མོ་གཙོས་སྒྱུ་རྩལ་འདྲ་མིན་གྱི་ཐད་ནས་བོད་དོན་དྲིལ་བསྒྲགས་གནང་ཡོད་པ་རེད།    སྐབས་དེའི་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གྱི་གཙོ་བོར་ཕེབས་ཡོད་པས་མ་ཚད།    བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་དབུས་པའི་གནས་ཡོད་མི་སྣ་ཁག་ཅིག་དང་།    གཞན་ཡང་ས་གནས་མི་མང་བཅས་ནས་ཕེབས་ནས་ཐེངས་འདིའི་འགྲེམས་སྟོན་གཟིགས་ཞིབ་གནང་ཡོད་པ་རེད།
ད་རེས་ཀྱི་འགྲེམས་སྟོན་འདི་གོ་སྒྲིག་གནང་དགོས་པ་དེ་གཙོ་བོ།    མ་འོངས་པར་བོད་པའི་གཞོན་སྐྱེས་ཚང་མས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད་ཡོང་ཐབས་དང་། དེ་བཞིན་བོད་མིའི་འཐབ་རྩོད་དེ་མི་རེ་རེ་ལ་འགན་ཡོད་དུས་གཞུང་དང་ཚོགས་པ་སོགས་ལ་རེ་བ་རྒྱག་མི་དགོས་པར། སོ་སོའི་ངོས་ནས་ལས་རིགས་འདྲ་མིན་གྱི་ཐོག་ནས་མི་རིགས་ཀྱི་འཐབ་རྩོད་བྱེད་དགོས་པ་གལ་ཆེན་ཡིན་སྐོར་ངོ་སྤྲོད་གནང་རྒྱུ་དེ་ཆགས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎