རྒྱ་ནག་གིས་བཀྲ་ཤིས་སྐྱིད་རྔ་བ་ནས་འཇུ་བཟུང་བྱས་འདུག


2015.07.10
རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་བའི་བཀྲ་ཤིས་སྐྱིད་ཀྱི་ཉེ་པར། རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་བའི་བཀྲ་ཤིས་སྐྱིད་ཀྱི་ཉེ་པར།
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས

རྒྱ་ནག་གི་ཉེན་རྟོག་པས་མདོ་སྨད་རྔ་བ་ནས་བཀྲ་ཤིས་སྐྱིད་འཇུ་བཟུང་བྱས་བ་ནས་གནས་སྟངས་གསལ་བོ་མེད་པར་ལྷག་ཡོད་འདུག
དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༥ཟླ་༧ཚེས་༢ཉིན་མདོ་སྨད་རྔ་པ་རྨེའུ་རུ་མའི་ཡུལ་ཚོ་ནས་བུ་མོ་བཀྲ་ཤིས་སྐྱིད་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་ཐོག་དེར་ཉེན་རྟོག་པས་ཡར་རྔ་པ་རྫོང་མཁར་དུ་ཁྲིད་ཡོད་པ་ཙམ་ལས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་སོགས་གསལ་པོ་ཤེས་རྟོགས་མེད་པར་ལུས་འདུག
ཁོང་མོ་ནི་ད་ལོ་རང་ལོ་༢༠ཡིན་པའི་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་མོ་ནུ་ཚང་གི་ཕ་མོ་ནུ་དང་། མ་མིང་ཚེ་རིང་སྐྱིད་གཉིས་ཀྱི་བུ་མོ་ཡིན་ཞིང་། ཆུང་ཆུང་སྐབས་ནས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་འཚར་ལོངས་བྱུང་བ་དང་། དེང་སྐབས་ཡུལ་ཚོའི་སྟེང་ཕ་མ་གཉིས་ལ་ཞབས་གཡོག་བྱས་ནས་བསྡད་ཡོད་འདུག ཁོང་མོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཐད་གནས་ཚུལ་ཡོང་ཁུངས་ནས་བཤད་ན་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཉིན་གྱི་བྱེད་སྒོ་རེ་དང་འབྲེལ་བ་ཡོད་ཚུལ་གླེང་བཞིན་ཡོད་ནའང་ཉིན་དེར་ཁོང་མོས་ཅི་བྱས་སོགས་གསལ་པོ་ཤེས་རྟོགས་མེད་པ་རེད།

གསར་འགོད་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎