བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བྱུང་འདུག

2021.01.28
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བྱུང་འདུག སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གི་ཉེ་པར། 2008
liangxiaojun

བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་དོན་གཉེར་བ་ན་གཞོན་བཀྲིས་དབང་ཕྱུག་ལགས་ལོ་ལྔའི་རྗེས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་འདུག
དེ་ཡང་ཕྱི་ཟླ་དང་པོའི་ཚེས་༢༨ཉིན། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞོ་ཇོན་(LiangXiao Jun)ཞུ་བས་ཁོང་གི་(Twitter)དྲ་ལམ་བརྒྱུད་གནས་ཚུལ་སྤེལ་བའི་ནང་། དེ་རིང་མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་གི་ས་གནས་ཀྱི་ཁྲིམས་འཛིན་ལས་ཁང་གི་མི་སྣས་བཀྲ་ཤིས་དབང་ཕྱུག་ལགས་སྒ་སྐྱེ་རྒུ་མདོར་བསྐྱལ་ཏེ་བཙོན་གྲོལ་བཏང་ཡོད་པ་དང་། ད་ཆ་ཁོང་གི་གཅེན་མོ་གཉིས་པའི་ཁྱིམ་དུ་ཡོད་པ་དང་། ཁོང་གི་ནང་མིས་ཁོང་གི་སྐུ་གཟུགས་གནས་སྟངས་ཡག་པོ་ཡོད་ཚུལ་གསུང་གི་འདུག ད་དུང་ཁོང་གིས་ཁོང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་འདྲ་པར་མ་ཐོབ་པ་དང་། ཁོང་གི་ནང་མི་དང་ཐད་ཀར་འབྲེལ་བ་བྱེད་མ་ཐུབ་པས། བཀྲ་ཤིས་དབང་ཕྱུག་ལགས་སུ་རང་དབང་ཆ་ཚང་ཡོད་མེད་ཤེས་རྟོགས་མ་བྱུང་ཅེས་བཀོད་ཡོད་པ་རེད།
ད་ལྟའི་ཆར་གསལ་ཁ་མེད་པའི་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ཐད། རྒྱལ་སྤྱིའི་གཞུང་དང་ཚོགས་སྒེར་མང་པོས་དོ་སྣང་བྱེད་བཞིན་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ངོས་ནས་ཁོང་གི་གནས་སྟངས་ཐད་དོ་སྣང་གིས་ལྟ་ཞིབ་གནང་རྒྱུ་ཡིན་པ་གསུངས་པ་དང་། དེ་བཞིན་བཀྲ་ཤིས་དབང་ཕྱུག་ལགས་སུ་དང་ཐོག་ནེའུ་ཡོག་དུས་བབ་ཀྱི་བཅར་འདྲི་ལ་བརྟེན་ནག་ཉེས་ཕོག་པར་བརྟེན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ནེའུ་ཡོག་དུས་བབ་ལ་བཅར་འདྲི་བྱས་སྐབས་ཁོང་ཚོའི་མགྲིན་ཚབ་པས། རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་སུ་ཉེས་ཆད་བཅད་པའི་བྱ་སྤྱོད་ནི། མི་སེར་གྱི་སྨྲ་བརྗོད་བཀག་ནས་སྨྲ་བརྗོད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས་གསུང་ན། སྤྱིར་བཏང་བོད་ཀྱི་ཆབ་སྲིད་བཙོན་པ་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་བྱུང་བ་དེ་གཏམ་བཟང་རེད། ཡིན་ན་ཡང་། དོན་དངོས་ཐོག་ཁོང་བཙོན་འཇུག་སྐར་མ་གཅིག་ཙམ་བྱས་ཀྱང་འགྲིག་ཐབས་མེད་པ་མེད་པ་རེད། ཁོས་བཤད་པའི་སྐད་ཡིག་གི་ཐོབ་ཐང་ནི་རྒྱ་ནག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པ་མ་ཟད། འཚེ་མེད་ཞི་བ་རེད། ཅེས་གསུང་བྱུང་།
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། དེ་སྔ་པེ་ཅིན་དུ་གནས་སྡོད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར་བོད་ཀྱི་སྐད་ཡིག་སློབ་གསོའི་གནས་བབས་དང་ཐོབ་ཐང་སྐོར་གྱི་བཅར་འདྲིར་ལན་འདེབས་བྱས་བ་དང་། བོད་ནང་གི་སྐད་ཡིག་གི་དངོས་ཡོད་གནས་སྟངས་བརྗོད་པར་བརྟེན། ཕྱི་ལོ་༢༠༡༦ཟླ་༡ཚེས་༢༧ཉིན་ཡུལ་ཤུལ་གྱི་རྒྱ་ནག་གི་ཉེན་རྟོག་པས་གསང་བའི་ཐོག་ནས་འཛིན་བཟུང་བྱས་བ་དང་། དེའི་རྗེས་གསང་སྟབས་ཀྱིས་ཡུན་རིང་བཀག་ཉར་བྱས་བ་དང་། ཕྱི་ལོ་༢༠༡༨་ཟླ་༥ཚེས་༢༢ཉིན་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་༥བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎