བོད་ནང་ཕེབས་རྒྱུར་མཐོང་མཆན་མ་སྤྲད་པར་སྐྱོན་བརྗོད་གནང་བ།


2016.05.16
ཇར་མན་གྲོས་ཚོགས་ཀྱི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་Michael Brand་མགོ་ལོག་འཇིགས་མེད་དང་མཇལ་སྐབས། ༢༠༡༦།༢།༢༢ ཇར་མན་གྲོས་ཚོགས་ཀྱི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་Michael Brand་མགོ་ལོག་འཇིགས་མེད་དང་མཇལ་སྐབས། ༢༠༡༦།༢།༢༢
TID

ཉེ་སྔོན་ཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་བོད་ནང་ཕེབས་རྒྱུར་ཇར་མན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱིས་བཀག་འགོག་བྱས་བ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་སྐྱོན་བརྗོད་ནན་པོ་གནང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ཚེས་༡༣་ཉིན་གནས་ཚུལ་སྤེལ་བའི་ནང་། ཇར་མན་གྲོས་ཚོགས་ཀྱི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་Michael Brand་རྒྱ་ནག་གིས་ཁོང་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཤེས་རྟོགས་ཀྱི་ཆེད་དུ། ཇར་མན་ནང་གི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་འཁྲིད་ནས་ཕེབས་རྒྱུ་ཐུགས་གཏན་འཁེལ་ཡོད་ཀྱང་། ཁོང་གིས་དྲ་ལམ་ཐོག་བོད་ཀྱི་སྐོར་དངོས་ཡོད་གནས་ཚུལ་བཀོད་པ་དེ་དག་ཕྱི་
བསྡུ་མ་གནང་ན་མཐོང་མཆན་visa་སྤྲོད་ཀྱི་མིན་པ་རྒྱ་ནག་གཞུང་ཚབ་ཁང་གིས་གནོན་ཤུགས་སྤྲད་ཡོད་པ་རེད། རྒྱ་ནག་གི་སྤྱོད་ངན་དེ་འདྲ་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཐེར་གཏོན་གནང་དགོས་བ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་འབོད་བསྐུལ་གནང་འདུག
སྐུ་ཞབས་Michael Brand་ནས་ཀྱང་རྒྱ་ནག་གི་བྱ་སྤྱོད་དེ་ཚུལ་མཐུན་མིན་
པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་རྒྱ་ནག་གི་རྒྱལ་ནང་གི་གནད་དོན་ཙམ་མིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པའི་རྒྱུ་མཚན་གྱི་ཐོག་ནས་སྐྱོན་བརྗོད་གནང་འདུག།  
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས། རྒྱ་ནག་གི་བྱ་སྤྱོད་འདིའི་ཐོག་ནས་བོད་ནང་བོད་མི་རྣམས་ལ་སྨྲ་བརྗོད་ཀྱི་ཐོབ་ཐང་ཐོག་དམ་བསྒྲགས་ག་ཚོད་བྱེད་ཀྱི་ཡོད་མེད་དེ་གསལ་པོ་ར་འཕྲོད་ཀྱི་ཡོད་པའི་སྐོར་རྒྱུ་མཚན་ལུང་འདྲེན་གནང་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎