༧གོང་ས་མཆོག་གི་ཆིབས་བསྒྱུར་ཕེབས་སྒྲིག་ཞུ་བཞིན་པ།


2017.02.08
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་སྐྱོང་བཞིན་པའི་སྐབས། ༢༠༡༧།༢།༧ ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་སྐྱོང་བཞིན་པའི་སྐབས། ༢༠༡༧།༢།༧
OHHDL

རྒྱ་གར་(Telangana)མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་༧གོང་ས་མཆོག་གི་༧སྐུའིབདེ་འཇཊ་ཐད་གྲ་སྒྲིག་ཞིབ་ཚཊ་དགོས་པའི་བཀོད་ཁྱབ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤྱི་ཚེས་༨་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་Telangana་མངའ་སྡེའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ས་གནས་དེར་ཆིབས་བསྒྱུར་གྱི་གྲ་སྒྲིག་ཐད་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་འདུ་སྐོང་གནང་ཡོད་འདུག་ཅིང་། སྐབས་དེར་བསྐྱར་ཞིབ་ཀྱི་ཚོགས་འདུ་དེའི་ཐོག་མངའ་སྡེ་དེའི་ལས་ཁང་འདྲ་མིན་གྱི་དཔོན་རིགས་མཐོ་གྲས་མཉམ་ཞུགས་གནང་ཡོད་འདུག་པར་མ་ཟད་Telanganaམངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་དཔོན་རིགས་རྣམ་པ་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བདེ་འཇགས་ཀྱི་གོ་སྒྲིག་ཞིབ་ཚགས་དོད་པོ་དགོས་པ་བཀོད་ཁྱབ་གནང་ཡོད་འདུག
༧གོང་ས་རྒྱལ་བ་རིན་པོ་མཆོག་ཕྱི་ཟླ་ ༢ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་མཛད་རྒྱུ་ཡིན་པ་རེད།  འདས་པའི་ཉིན་གྲངས་འགའ་ཤས་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཤེས་ཡོན་གྱི་ལྟེ་གནས་ཁང་དང་།  ཞིབ་འཇུག་ལྟེ་གནས་ཁང་སོགས་ཀྱི་ནང་ཆོས་འབྲེལ་གསུང་ཆོས་དང་། བླང་དོར་གྱི་བཀའ་སློབ། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་དར་སྤེལ་སོགས་ཀྱི་ཐད་བཀའ་སློབ་རྒྱ་ཆེ་གནང་ཡོད་པ་རེད།  
ད་སྐབས་རྒྱ་གར་ལྡི་ལི་རུ་རྒྱ་གར་གྱི་སློབ་ཕྲུག་སྟོང་ཚོ་གཙོས་པའི་སྐྱ་སེར་ཕོ་མོ་ཡོངས་ལ་བླང་དོར་ཀྱི་བཀའ་སློབ་གནང་བཞིན་ཡོད་ཅིང་། རིང་མིན་སྤྱི་ཟླ་༢་པའི་ཚེས་༡༡་དང་༡༢་བཅས་ཉིན་གཉིས་རིང་གོང་ཞུས་རྒྱ་གར་ལྷོ་ཕྱོགས་Telangana་མངའ་སྡེ་རུ་ཕེབས་ཏེ་མཛད་འཆར་འདྲ་མིན་སྐྱོང་གནང་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎