ཐེ་དབན་རང་བཙན་འདོད་མཁན་ཚོས་སྲིད་འཛིན་ལ་ངོ་རྒོལ།

ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་དུ་ཐེ་དབན་རང་བཙན་འདོད་མཁན་མི་དམིངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་སྲིད་འཛིན་ལ་ངོ་རྒོལ་བྱས་ཡོད་པ་རེད།

2009.05.17

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་དབན་གྱི་རྒྱལ་ས་ཐའེ་ཕེ་དུ་ཐེ་དབན་རང་བཙན་འདོད་མཁན་མི་དམིངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་སྲིད་འཛིན་མ་ཡིང་ཅའོ་ཡིས་རྒྱ་ནག་དང་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་བཞིན་པའི་སྲིད་ཇུས་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ངོ་རྒོལ་གྱི་ལས་འགུལ་དེའི་ནང་བཞུགས་མཁན་མི་དམངས་རྣམས་རྒྱལ་ས་ཐའེ་ཕེ་ཡི་ཁྲོམ་ལམ་བརྒྱུད་སྲིད་འཛིན་གྱི་ཕོ་བྲང་བར་ངོ་རྒོལ་གྱི་གོམ་བགྲོད་བྱེད་པའི་སྐབས་ཁག་ཅིག་གི་ལག་ཏུ་ཐེ་དབན་རང་བཙན་གྱི་རྒྱལ་དར་འཁྱེར་བ་དང་ཁག་ཅིག་གིས་སྲིད་འཛིན་མ་ཡིང་ཅའོ་རྒྱལ་ཚོང་པ་རེད་ཅེས་པའི་སྐྱོན་བརྗོད་ཀྱི་ཡི་གེ་བྲིས་པའི་སྟོད་ཐུང་གྱོན་ཏེ་སྲིད་འཛིན་མ་ཡིང་ཅའོ་ཡིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བྱེད་དྲག་པ་དེ་ཡིས་ཐེ་དབན་གྱི་རྒྱལ་སྲུང་ལ་ཉེན་ཁ་བཟོ་སྲིད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། ལས་འགུལ་ནང་མཉམ་བཞུགས་གནང་མཁན་ཁྲོད་ནས་ཐེ་དབན་དང་རྒྱ་ནག་ནི་ཁག་ཁག་ཡིན་པ་དང་གཅིག་སྒྲིལ་ཟེར་བ་དུས་ནམ་ཡང་ཡོང་ཐབས་མེད་པར་བརྟེན་སྲིད་འཛིན་མ་ཡིང་ཅའོ་ཡིས་ང་ཚོ་མི་དམངས་ཀྱི་འབོད་སྒྲ་དང་མངོན་འདོད་གང་ཡིན་པ་དེར་བརྩི་བཀུར་བྱ་དགོས་པ་ངོས་འཛིན་བྱེད་པ་མ་ཟད་ཁོང་ཚོས་དེ་རིང་མཚན་གང་སྲིད་འཛིན་གྱི་ཕོ་བྲང་ཕྱི་ཕྱོགས་སུ་བསྡད་དེ་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད། ད་རེས་ཀྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་ཐེ་དབན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་འཛིན་ཟུར་པ་གྲན་ཧྲུའུ་ཕན་གྱི་དམངས་གཙོ་ཡར་རྒྱས་ཚོགས་པ་ཡིན་ཞིང་ན་ནིང་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་མ་ཡིང་ཅའོ་ཡིས་ཐེ་དབན་གྱི་སྲིད་དབང་འཛིན་ཏེ་ལོ་གཅིག་འཁོར་བའི་སྐབས་དེར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་ལྟ་བུ་གོ་སྒྲིག་བྱས་པ་ཐེངས་དང་པོ་ཡིན་པ་དང་ཉེན་རྟོག་པ་བཞི་སྟོང་ཙམ་འགྲེམ་འཇོག་བྱས་ཡོད་པ་རེད། ཡིན་ནའང་ཉེན་རྟོག་པས་ད་རེས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེའི་ནང་མི་དམངས་ཇི་ཙམ་མཉམ་བཞུགས་བྱས་ཡོད་མེད་གྲངས་ཀ་བཤད་རྒྱུ་མེད་ཀྱང་ལས་འགུལ་གོ་སྒྲིག་གནང་མཁན་དམངས་གཙོ་ཡར་རྒྱས་ཚོགས་པས་རྒྱལ་ས་ཐའེ་ཕེ་ཡི་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་དེའི་ནང་མི་དམངས་འབུམ་ལྔ་འདུ་འཛོམས་བྱས་པ་དང་ད་དུང་སྟོང་ཕྲག་མང་པོ་ཞིག་ཐེ་དབན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཀའོ་ཤོང་ནང་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་བསྡོམས་རྩིས་གསུངས་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎