ནང་ཆོས་ཉམས་ལེན་ཐད་རྗེས་ལུས་ཐེབས་པ་དེ་ཡར་རྒྱས་གཏོང་དགོས།


2015.07.20
ཚོགས་པ་སྒྲིག་འཛུགས་ཁག་བཅུ་གཅིག་གིས་མཉམ་དུ་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ལམ་ཞུས་བ། ༢༠༡༥།༧།༢༠ ཚོགས་པ་སྒྲིག་འཛུགས་ཁག་བཅུ་གཅིག་གིས་མཉམ་དུ་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ལམ་ཞུས་བ། ༢༠༡༥།༧།༢༠
བསྟན་འཛིན་དོན་ཡོད། RFA

བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཚོགས་པ་སྒྲིག་འཛུགས་ཁག་བཅུ་གཅིག་གིས་མཉམ་དུ་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ལམ་ཞུས་བ།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། དེ་རིང་བོད་ཟླ་དྲུག་པའི་ཚེས་༤་ཆོས་འཁོར་དུས་ཆེན་ཁྱད་པར་ཅན་ཉིན་འདིར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་༡༡་ཡིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། བར་སྐབས་བརྟན་བཞུགས་ཁག་མང་པོ་ཞིག་ཞུ་མཁན་ཡོང་གི་འདུག དེ་དག་རེ་རེ་བྱས་ནས་བྱེད་ཐུབ་རྒྱུ་ཁག་པོ་རེད། ང་ལ་ཡང་དུས་ཚོད་ཡོད་མ་རེད་ལ་དགོས་པ་ཡང་ཆེན་པོ་ཞིག་མཐོང་གི་མི་འདུག བྱས་ཙང་དེ་ཚོ་ཟླ་སྒྲིལ་བཏང་ནས་མཉམ་དུ་བྱེད་བཞིན་པ་རེད། དེ་རིང་དུས་ཚོད་དེ་ཆོ་འཕྲུལ་ཟླ་བའི་ཚེས་བཞིར་འཁེལ་ཡོད་པ་རེད། དུས་ཚོད་ཁྱད་པར་ཅན་ཞིག་རེད་ཅེས་དང་། ད་དུང་སྤྱིར་ནང་པའི་ཆོས་དེ་རྨོངས་དད་ཅིག་མིན་ཡང་མང་ཚོགས་ཀྱིས་ཆོས་བྱེད་སྟངས་དེ་རྨོངས་དད་རང་ཆགས་ཀྱི་ཡོད་པས། ནང་ཆོས་ཉམས་ལེན་ཐད་རྗེས་ལུས་ཐེབས་པ་དེ་ཡར་རྒྱས་གཏོང་དགོས་སྐོར་སོགས་གསུངས་ཡོད།
ཡང་༧གོང་ས་མཆོག་གིས་མུ་མཐུད་དུ། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་སོ་སོའི་སེམས་རྒྱུད་ལ་བརྟེན་ནས་བདེ་སྐྱིད་ཐོབ་ཐབས་དགོས་པ་དང་། ད་ལྟའི་དུས་ཚོད་ལ་སེམས་ཀྱི་བདེ་སྐྱིད་སྒྲུབ་པར་སེམས་ཀྱི་བདེ་སྐྱིད་གཏོར་བཤིག་གཏོང་མཁན་དང་། སེམས་ཀྱི་བདེ་སྐྱིད་མེད་པ་བཟོ་མཁན་དེ་ག་རེ་ཆགས་འདུག ཕྱི་ཡིས་བཟོས་པ་མ་རེད་གཙོ་བོ་ནང་སེམས་ཀྱི་ཆགས་སྡང་གི་དབང་གིས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་གསལ་བོ་ཞེ་དྲག་རེད། ཆགས་སྡང་སེལ་བ་ཟེར་བ་དེ་ཕྱི་ལོགས་ནས་ཁབ་བརྒྱབ་ཏེ་སེལ་ཐབས་མེད་ལ། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ། གཏི་མུག་མེད་པ་ཞེས་ཚོང་ཁང་ནང་ནས་ཉོ་རྒྱུ་ཡོད་པ་ཞིག་ཀྱང་མིན་སྟབས། ང་རང་ཚོའི་ནང་ཆོས་ནང་གསུང་བའི་ཉོན་རྨོངས་དུག་གསུམ་ཞེས་རང་ཆས་སུ་ཡོད་པ་དེ་སེལ་བའི་ཐབས་ཤེས་ནི། རང་གི་སེམས་རྒྱུད་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་སེལ་བ་བྱེད་དགོས་པ་རེད་མ་གཏོགས། གཞན་ཕྱི་ལོགས་ནས་ཐབས་ཤེས་མེད་པ་གསལ་བོ་ཞེ་དྲགས་རེད་ཅེས་སོགས་གསུངས་ཡོད་ཡོད་པ་རེད།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་ཞུ་མཁན་ཚོགས་པ་སྒྲིག་འཛུགས་ཁག་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་། ཧི་མ་ལ་ཡའི་རིག་གཞུང་སྡེ་ཚན། བལ་ཡུལ་བདེ་དོན་ལྷན་ཚོགས། སྤོག་ར་བློ་སྒྲིག་འཛུགས། སྟག་ལུང་ཆོས་བརྒྱུད། ཤར་དགའ་ལྡན་ཆོས་གླིང་། དབུས་གཙང་ཆོལ་ཁ་བཅས་ཡིན་ཞིང་། བརྟན་བཞུགས་སྒྲུབ་བཞག་ཉིན་ལྔའི་རིང་ཞུས་པ་དང་དེའི་ཆེད་དགེ་འདུན་པ་ཞལ་གྲངས་༢༠༠་ཙམ་གདན་འདྲེན་ཞུས་འདུག
བརྟན་བཞུགས་དེ་ཡང་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་འབུལ་ལམ་ཞུས་འདུག་ལ་བརྟན་བཞུགས་གྲུབ་པའི་རྗེས་སུ་ལུང་ཚན་འདྲ་མིན་སོ་སོའི་གཞས་སྣ་གཟིགས་འབུལ་ཞུས་འདུག ཡང་སྐབས་དེར་རྒྱ་གར་གྱི་ཆེས་མཐོའི་མི་སྣ་སོགས་བླ་ཆེན་མི་ཆེན་ཁག་ཅིག་ཆེད་བཅར་ཞུས་འདུག     
ཡང་ཚེས་༢༡་ཉིན་དབུས་གཙང་ཆོལ་ཁའི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ལེགས་སྒྲུབ་ཟིན་པའི་དགའ་སྟོན་རྒྱལ་འཛོམས་ཤིག་གནང་འཆར་ཡོད་པ་མ་ཟད། དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱང་འཚོགས་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎