ཉིས་སྟོང་དགུ་ལོའི་བོད་ཀྱི་བེུད་མཛངས་མའི་འགྲན་བསྡུར་ལེཌ་གྲུབ།

བསྟན་འཛིན་ཆོས་འཛོམས་ལགས་ལ་ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་བེུད་མཛངས་མའི་འགྲན་བསྡུར་ནང་ཨང་ཀི་དང་པོར་འདེམས་ཐོན་བྱུང་ཡོད་པ།

2009.06.08

༄༅༎ལོ་ན་ཉི་ཤུར་སོན་པའི་རྒྱ་གར་རྡ་རམ་ས་ལར་བཞུགས་མཁན་བསྟན་འཛིན་ཆོས་འཛོམས་ལགས་ལ་ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་བེུད་མཛངས་མའི་འགྲན་བསྡུར་ནང་ཨང་ཀི་དང་པོར་འདེམས་ཐོན་བྱུང་ཡོད་པ་རེད།

ཁོང་ལ་མཛངས་མའི་འགྲན་བསྡུར་གྱི་གཙུག་རྒྱན་དང་རྒྱ་གར་གྱི་ཤོག་དངུལ་སྒོར་ཆིག་འབུམ་ཞིག་འགྲན་བསྡུར་དེའི་འགྲོ་གྲོན་སྦྱིན་བདག་གནང་མཁན་རྒྱ་གར་བ་སྦི་ཀེ་མོ་ཌི་ཡིས་གནང་ཡོད་པ་རེད།

བོད་ཀྱི་བུད་མེད་ཀྱི་མཛངས་མའི་འགྲན་བསྡུར་ཐོབ་གནང་མཁན་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་ངོས་རང་ཆུང་དུས་ནས་དམིགས་ཡུལ་ཆེན་པོ་མང་པོ་ཡོད། ད་ཐེངས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཐོབ་པ་དེ་ངའི་དམིགས་ཡུལ་གཅིག་གྲུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཡང་ཁོང་གིས་བོད་ཀྱི་མཛངས་མ་ནི་བོད་མི་རྣམས་ཀྱི་སྐུ་ཚབ་ཅིག་ཆགས་ཀྱི་ཡོད་པ་མ་ཟད་ལྷག་པར་དུ་བོད་པའི་བུད་མེད་རྣམ་པའི་སྐུ་ཚབ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་ཉེ་ལམ་རྒྱ་གར་ནང་གཞི་རིམ་སློབ་གྲྭ་ཐོན་པ་ཞིག་ཡིན་པ་དང་ཁོང་མཐོ་རིམ་སློབ་གྲྭར་སྐྱོད་རྒྱུའི་འཆར་གཞི་ཡོད་པ་དང་བོད་མིའི་སྤྱི་ཚོགས་ནང་ཞབས་ཕྱི་གང་ཡོད་ཞུ་རྒྱུའི་འདུན་པ་ཡོད་པ་རེད། བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་གནང་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ལོའི་མཛངས་མའི་འགྲན་བསྡུར་དེ་བོད་མི་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕེབས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་བ་དེ་བོད་མི་རྒན་རབས་རྣམས་ཀྱི་བཀྲིན་ཡོད་སྐོར་གསུངས་འདུག ཡང་ཁོང་གིས་ད་ཐེངས་ཀྱི་མཛངས་མའི་འགྲན་བསྡུར་དེ་རྒྱ་གར་གཞུང་དང་མི་མང་རྣམས་ཀིས་བོད་མི་རྣམས་ལ་གནས་ཡུལ་མཐུན་འགྱུར་གནང་བར་བཀྲིན་རྗེས་དྲན་ཡིན་སྐོར་གསུངས་འདུག ད་ཐེངས་ཀྱི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་བཞུགས་སྒར་གྱི་བོད་ཀྱི་ཟློས་སྒར་ཚོགས་ཁང་དུ་གནང་ཡོད་པ་དང་འགྲན་བསྡུར་ནང་ཞུགས་མཁན་བུད་མེད་བཞི་བྱུང་བ་ནས་གཉིས་པ་དེ་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ནས་ཡིན་པའི་ངག་དབང་ཆོས་དབྱིངས་ལགས་ལ་ཐོབ་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎