བསྟན་འཛིན་རང་ཤར་མི་ལོ་གཉིས་ཀྱི་རྗེས་བཙོན་བཀྲོལ་བྱུང་འདུག


2014.07.14
བསྟན་འཛིན་རང་ཤར་གློད་བཀྲོལ་དང་དགའ་བསུ། ༢༠༡༤།༧།༡༤ བསྟན་འཛིན་རང་ཤར་གློད་བཀྲོལ་དང་དགའ་བསུ། ༢༠༡༤།༧།༡༤
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

འབའ་རྫོང་གི་བོད་མིའི་ཞི་རྒོལ་ཁྲོད་རྒྱ་ནག་གི་ཉེན་རྟོག་ཚན་པས་འཇུ་བཟུང་བྱས་བའི་བསྟན་འཛིན་རང་ཤར་ལགས་བཙོན་བཀྲོལ་བྱུང་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཟླ་༧པའི་ཚེས་༡༤ཉིན་མཚོ་སྔོན་འབའ་རྫོང་གི་དགེ་འདུན་པ་བསྟན་འཛིན་རིག་གྲོལ་ལགས་མི་ལོ་༢ཀྱི་རྗེས་མཚོ་སྔོན་ཟི་ལིང་གི་བཙོན་ཁང་ཞིག་ནས་བཙོན་བཀྲོལ་བཏང་ཡོད་པ་དང་། ཁོ་རང་བཙོན་བཀྲོལ་ཐོབ་ནས་འབའ་རྫོང་གི་ཕ་ཡུལ་ལ་འབྱོར་སྐབས་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པའི་གཙོས་ས་གནས་བོད་མི་ཚོས་རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་དང་། ཁམས་འདྲི་ཞུས་ནས་ཕེབས་བསུ་བྱས་ཡོད་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། གནས་སྐབས་ཁོང་བཙོན་བཀྲོལ་བྱུང་བར་དགའ་བསུ་ཙམ་ལས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་ཟེར། ཁོ་ནི་དེ་སྔོན་སྤྱི་ལོ་༢༠༡༢ལོར་སྤྱི་ཟླ་༣་པའི་ཚེས༡༨ཉིན་མཚོ་སྔོན་མཚོ་ལྷོ་ཁུལ་གད་པ་སུམ་མདོ་འམ་འབའ་རྫོང་གི་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པའི་གཙོས་བོད་མི་སྟོང་ཚོ་བརྒལ་བས་རྒྱ་ནག་གི་དྲག་པོའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་བའི་སྐབས་འཛིན་བཟུང་བྱས་བ་ཡིན་པ་དང་། སྐབས་དེར་རྒྱ་ནག་གིས་དྲག་གནོན་དང་མཉམ་བོད་མི་སེར་སྐྱ་མི་གྲངས་༦༠མ་ཟིན་ཙམ་ཞིག་འཛིན་བཟུང་བྱས་བའི་ཁྲོད་ཁག་གཅིག་དུས་ཡུན་འདྲ་མིན་ལ་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། ཤིང་ཁྲི་དགོན་པའི་གྲྭ་ཚུལ་ཁྲིམས་རིན་ཆེན་དང་། ཡེ་ཤེས་རྡོ་རྗེ། ཤེས་རབ་དཔལ་བཟང་། པདྨ་རིག་འཛིན། བྱང་ཆུབ་ནོར་བུ། གཞན་ཕན་མཐའ་ཡས། ཕྱོགས་ལས་རྣམ་རྒྱལ། བསྟན་འཛིན་རང་ཤར། བཟོད་པ་རྒྱལ་མཚན། བློ་བཟང། བྱང་ཆུབ་རྒྱལ་མཚན། གུ་རུ་རྡོ་རྗེ། འཇམ་དབྱངས་རྒྱ་མཚོ། དགེ་འདུན་ཆོས་འཕེལ། རྡོ་རྗེ་ཚེ་བྷེ། རྡོ་རྗེ་རྒྱལ། རྡོ་རྗེ་དོན་འགྲུབ། དཔའ་ཐར་རྒྱལ། ཚེ་བརྟན་རྒྱལ་སོགས་གློད་བཀྲོལ་མ་བཏང་བར་བཀག་ཉར་བྱས་རྗེས་ད་དབར་གནས་སྟངས་གསལ་བོ་མེད་པར་ལུས་ཡོད་པ་རེད། གནས་ཚུལ་ལྟར་ན་ད་དུང་ཡང་ཁོང་ཚོའི་ཁྲོད་ཀྱི་ཉུང་མཐར་ཡང་བོད་མི་གསུམ་བཙོན་ཁང་དུ་ཡོད་པ་རེད་འདུག
དོན་རྐྱེན་དེའི་རྗེས་རྒྱ་ནག་གིས་འབའ་ཤིང་ཁྲི་དགོན་པར་ལས་དོན་རུ་ཁག་མངགས་གཏོང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཡང་ཡང་སྤེལ་བ་དང་། དགོན་པར་ཕྱོགས་ཡོངས་ནས་དམ་དྲག་དང་ལྟ་རྟོགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།


གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎