འཇུ་བཟུང་བྱས་བའི་མཁན་པོ་གཉིས་གློད་མི་འདུག


2013.12.17
མཁན་པོ་དཀར་ཚེ་ལགས། འཇུ་བཟུང་བྱས་བའི་མཁན་པོ་གཉིས་གློད་མི་འདུག
པར། བོད་འབྱོར།

བོད་ཀྱི་ནང་ཆེན་ཁུལ་ནས་རྒྱ་ནག་གིས་འཇུ་བཟུང་བྱས་བའི་མཁན་པོ་གཉིས་ད་དུང་ཡང་གློད་བཀྲོལ་བཏང་མེད་པ་རེད་འདུག

དེ་ཡང་ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་སྟག་སྣ་དགོན་པའི་མཁན་པོ་འགྱུར་མེད་ཚུལ་ཁྲིམས་རྒྱ་ནག་གིས་ནང་ཆེན་ཁུལ་ནས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་ཟླ་༡༢ཚེས་༦ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ནས་མཁན་པོ་དཀར་ཚེ་འཛིན་བཟུང་བཀག་ཉར་བྱས་ཡོད།

དེ་ལྟར་ནང་ཆེན་ས་ཁུལ་གྱི་འབྲེལ་ཡོད་དགོན་པའི་དགེ་འདུན་པ་དང་། སྡེ་བའི་མི་སེར་ས་གནས་བོད་མི་རྣམས་ཀྱིས་མཁན་པོ་གཉིས་གློད་བཀྲོལ་གཏོང་དགོས་པའི་ཞུ་ཡིག་དང་། ངོ་རྒོལ་གྱི་ཉེན་བརྡ་སྤྲད་ནས་གློད་བཀྲོལ་བཏང་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་ཀྱང་། འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རྩད་ཞིབ་བྱས་བ་བརྒྱུད་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། གོང་གི་མཁན་པོ་རྣམ་པ་གཉིས་ཆབ་མདོའི་ཉེན་རྟོག་པ་བཙན་ཁྲིད་བྱས་པ་དང་། ད་བར་གློད་བཀྲོལ་བཏང་བའི་གནས་ཚུལ་བྱུང་མེད་པ་དང་། མ་ཟད་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པསོགས་གནས་སྟངས་གསལ་རྟོགས་མེད་པར་ལུས་ཡོད་པ་རེད་འདུག

དེ་ལྟར་ཁོང་གཉིས་གློ་བུར་འཛིན་བཟུང་བྱེད་དོན་གསལ་བོ་མེད་ཀྱང་། མཁན་པོ་དཀར་ཚེ་དང་ཆབ་མདོའི་ཀ་མ་དགོན་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དོགས་པ་དང་། མཁན་པོ་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱིས་ཉེ་སྔོན་གོ་སྒྲིག་གནང་བའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འདུ་འཛོམས་ཐོག་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཐོག་ཐུགས་སྣང་གནང་དགོས་པའི་སྐོར་མི་མང་འཛོམས་སར་གཏམ་བཤད་གནང་བའི་རྒྱུ་མཚན་གྱིས་ཡིན་སྲིད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎